བོད་མི་གཉིས་ལ་རྒྱང་རྒྱུག་དང་ཁུ་ཚུར་དྲག་རྩལ་ནང་བྱ་དགའ་ཐོབ་འདུག

བོད་པའི་བེུད་གཉིས་ལ་ས་མཐོའི་རྒྱང་རྒྱུག་ཁྲོད་ཨང་དང་པོ་དང་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་རྩེད་ཕུད་བྱ་དགའ་ཐོབ་འདུག

དཀོནམཆོག་སྒྲོལ་མ་དང་བསྟན་འཛིན་པདྨ་གཉིས། ༢༠༡༩།༩ མཐུན་འགྱུར་པར་རིས།

བོད་པའི་བེུད་གཉིས་ལ་ས་མཐོའི་རྒྱང་རྒྱུག་ཁྲོད་ཨང་དང་པོ་དང་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་རྩེད་ཕུད་བྱ་དགའ་ཐོབ་འདུག
དེ་ཡང་དཀར་དུང་ལ་འགྲན་བསྡུར་(Kardungla Challenge)ཞེས་འཛམ་གླིང་ཐོག་ས་མཐོ་ཤོས་ཀྱི་(Marathon)རྒྱང་རྒྱུག་བང་འགྲན་ཐེངས་བདུན་པ་དེ་༢༠༡༨ ཟླ་༩ ཚེས་༧ ཉིན། རྒྱ་གར་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་གཉེར་ཡོད་པ་དང་། ཐེངས་འདིའི་རྒྱང་རྒྱུག་བང་འགྲན་ཁྲོད་ཁྱོན་མི་གྲངས་༦༠༠༠ལྷག་མཉམ་ཞུགས་བྱས་འདུག་ཅིང་། དེའི་ཁྲོད་མི་གྲངས༢༠༠༠ཙམ་རྒྱ་གར་གྱི་ས་གནས་གང་ས་ནས་ཡིན་པ་དང་། མི་གྲངས་༡༠༠སྐོར་ཙམ་ཞིག་ཉི་ཧོང་དང་ཇར་མན་སོགས་ཕྱིའི་རྒྱལ་ཁབ་༢༣ནས་ཡིན་འདུག ཐེངས་འདིའི་འགྲན་བསྡུར་ནང་བེུད་ཀྱི་འགྲན་བསྡུར་ཁྲོད་ནས་ལ་དྭགས་བསོད་ནམ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པའི་དཀོན་མཆོག་སྒྲོལ་མ་ལགས་ཀྱིས་རྒྱང་ཚད་སྤྱི་ལེ་༧༢དེ་ཆུ་ཚོད་༡༡ཙམ་ནང་རྒྱུག་དེ་ཨང་དང་པོའི་བྱ་དགའ་ཐོབ་འདུག་ལ་ཡང་སྐྱེས་པའི་རྒྱང་རྒྱུག་བང་འགྲན་ནང་། བསོད་ནམ་གླིང་གཞིས་ཆགས་ནས་ཡིན་པའི་ཀརྨ་བཟོད་པ་ལགས་ཀྱིས་ཚོུད་༧ལྷག་ཙམ་ནང་རྒྱང་རྒྱུག་ཟིན་དེ་ཨང་གསུམ་པའི་བྱ་དགའ་བླངས་འདུག
རྒྱང་རྒྱུག་བང་འགྲན་འདིའི་ནང་མཉམ་ཞུགས་གནང་མཁན་ཚོས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་དཀར་དུང་ལ་(Khardungla)བར་རྒྱ་མཚོ་ནས་ཧྥི་ཊི ༡༡༥༠༠ལྷག་གི་མཐོ་ཚད་དུ་རྒྱང་ཐག་སྤྱི་ལེ་༧༢ལྷག་གི་རྒྱང་སྐྱོད་བྱེད་དགོས་ཀྱི་ཡོད་འདུག
འགྲན་བསྡུར་གོ་སྒྲིག་པ་མོ་རུབ་ཞུ་བས་གསུངས་ན། ༢༠༡༢ལོར་རྒྱང་སྐྱོད་བང་འགྲན་འདི་ཐོག་མར་འགོ་འཛུགས་བྱས་པ་ནས་བཟུང་ད་བར་རྒྱལ་ཁ་ཐོབ་མཁན་ཚང་མ་རྒྱ་གར་ནས་ཡིན་པ་ལས་ཕྱིའི་མི་རིགས་ཀྱི་རྒྱང་རྒྱུག་པ་ཕོ་མོ་སུ་ཞིག་ལའང་ཨང་དང་པོའི་རྒྱལ་ཁ་ཐོབ་མྱོང་མེད་པ་དང་། རྒྱང་རྒྱུག་བང་འགྲན་གྱི་ལས་རིམ་འདིས་ས་གནས་ཀྱི་ན་གཞོན་ཕོ་མོ་རྣམས་ལ་འཕྲོད་བསྟེན་གྱི་གལ་གནད་དང་འགྲན་རྩོད་ཀྱི་བློ་སྟོབས་འཕེལ་རྒྱུའི་གླེང་སྟེགས་ཤིག་ཆགས་ཡོད་པ་གསུངས་འདུག

དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཕྱི་ཟླ་ ༩ ཚེས་ ༩་ཉིན་གཉེར་བའི་རྒྱལ་སྤྱིིའི་ཆེད་ལས་ཁུ་ཚུར་དྲག་རྩལ་འགྲན་བསྡུར་(HFC) ཞེས་པའི་ནང་རྒྱལ་ཁབ་བཞི་ནས་རྩེ་ཕུད་འགྲན་བསྡུར་བ་ཞུགས་པའི་ཁྲོད་བོད་རིགས་བེུད་བསྟན་འཛིན་པདྨ་ལགས་དང་། རྒྱ་གར་ནུབ་ཕྱོགས་གྲོང་ཁྱེར་(Mumbai) ཁུལ་ནས་ཡིན་པའི་(Jyoti Singh) དང་མཉམ་དུ་འགྲན་བསྡུར་གནང་བའི་སྐབས་བོད་རིགས་བུད་མེད་བསྟན་འཛིན་པདྨ་ལགས་སུ་རྒྱལ་ཁ་ཐོབ་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་དབྱངས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org