སྤོན་ཊ་ཆོལ་གསུམ་ལོ་༥༠འཁོར་བའི་ཉིན་མོ་སྲུང་བརྩི།
ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་བཙུགས་ནས་ལོ་༥༠འཁོར་བ།
-
2017-04-23 -
-
-
Your browser doesn’t support HTML5 audio
༄༅༎རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་བཙུགས་ནས་ལོ་ ༥༠ འཁོར་བའི་ཉིན་གསུམ་གྱི་རྟེན་འབྲེལ་མཛད་སྒོ་དེ་རིང་རེས་གཟའ་ཉི་མའི་ཉིན་མཇུག་བསྒྲིལ་གནང་བཞག དེ་ཡང་ཕྱི་ཟླ་༤ཚེས་༢༡ནས་དེ་རིང་ཚེས་༢༣བར་ཉིན་གསུམ་རིང་མཛད་སྒོ་སྲུང་བརྩི་ཞུས་ཡོད་པ་དང་།མཛད་སྒོའི་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བཀའ་སློབ་གནང་བའི་ནང་གཞིས་ཆགས་གསར་འཛུགས་གནང་ནས་ད་བར་ལས་དོན་ཆེ་ཕྲ་ཆུང་གསུམ་ཐོག་གྲུབ་འབྲས་ཐོན་པ་རྣམས་ལ་རྗེས་སུ་ཡི་རངས་ཞུ་དགོས་པ་དང་། ཕྱོགས་མཚུངས་མཐུད་ཤོར་གང་བྱུང་བ་རྣམས་སྐྱར་ལྡབ་མི་ཡོང་སླད་གཟབ་གཟབ་དང་གྲུང་པོ་ཡང་ངེས་པར་དུ་བྱེད་དགོས་པའི་བཀའ་སློབ་གནང་བ་མ་ཟད། བོད་མི་ཚོས་ཤེས་ཡོན་ཐོག་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་མི་རབས་གཞོན་པ་ཚོས་དེང་དུས་ཤེས་ཡོན་ལ་ངེས་པར་དུ་དོ་སྣང་བྱེད་ནས་རང་དབང་སླར་གསོའི་ལས་འགུལ་ཐོག་འབད་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུང་བཞག ཡང་ནང་སྲིད་བཀའ་བློན་མཆོག་གིས་ ང་ཚོས་བོད་མིའི་རང་དབང་སླར་གསོ་ཐུབ་པ་བརྒྱུད་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོའི་མངོན་འདོད་བསྒྲུབ་ཐུབ་པ་བྱེད་དགོས་པ་དང་། དེར་བརྟེན་ང་ཚོས་འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་དོན་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་ཀྱང་རྒྱ་གར་ནང་གནས་ནས་བྱེད་རྒྱུ་ཡིན་སྟབས་གཞིས་ཆགས་ས་བརྟན་བཟོ་དགོས་པ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་ཅེས་སོགས་གསུངས་བཞག།