རྨ་ལྷོ་སོག་རྫོང་གི་དུས་སྟོན་སྐབས་དམག་མི་མང་པོ་འགྲེམས་འཇོག་བྱས་འདུག

མདོ་སྨད་རྨ་ལྷོ་སོག་རྫོང་གི་དུས་སྟོན་དང་རྟ་རྒྱུག་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་ཉེན་རྟོག་དཔུང་དམག་ཧ་ཅང་འབོར་ཆེན་པོ་འགྲེམ་འཇོགས་བྱས་ཡོད་འདུག

མདོ་སྨད་རྨ་ལྷོ་སོག་རྫོང་གི་དུས་སྟོན། ༢༠༡༨།༨།༢ བོད་འབྱོར།

མདོ་སྨད་རྨ་ལྷོ་སོག་རྫོང་གི་དུས་སྟོན་དང་རྟ་རྒྱུག་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་ཉེན་རྟོག་དཔུང་དམག་ཧ་ཅང་འབོར་ཆེན་པོ་འགྲེམ་འཇོགས་བྱས་ཡོད་འདུག
དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། མདོ་སྨད་རྨ་ལྷོ་རྫོང་གི་དུས་སྟོན་དང་རྟ་རྒྱུག་ཆེན་མོ་འདི་ཚེས་ ༡ ནས་འགོ་ཚུགས་ཡོད་པར། དུས་སྟོན་སྐབས་ས་གནས་ཀྱི་བོད་མི་འཕོན་ཆེན་པོ་འདུ་འཛོམས་བྱུང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཉེན་རྟོག་དཔུང་དམག་ཧ་ཅང་མང་པོ་འགྲེམ་འཇོགས་ཀྱིས་བལྟ་སྲུང་ནན་པོ་བྱེད་ཀྱིན་ཡོད་པ་དང༌། ཡང་ཐེངས་འདིའི་རྟ་རྒྱུག་གི་དུས་སྟོན་ནང་རྒྱ་ནག་གཞུང་གིས་འབོད་པའི་མཚོ་སྔོན་དང་། ཟི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་རྟ་རྒྱུག་པ་མཉམ་ཞུགས་བྱེད་བཞིན་ཡོད་པ་མ་ཟད། ས་གནས་དེ་དག་ནས་སྙན་གྲགས་ཆེ་བའི་གླུ་གཞས་གཏོང་མཁན་དང༌། སྒྱུ་རྩལ་འཁྲབ་སྟོན་པ་མགྲོན་འབོད་ཀྱིས་གཟིགས་འབུལ་ཞུ་བཞིན་ཡོད་པར་མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
དེང་སྐབས་མདོ་སྨད་ཁུལ་དུ་རྟ་རྒྱུག་གི་དུས་སྟོན་སྲུང་བརྩི་ཞུ་རྒྱུ་དར་ཁྱབ་ཆེ་རུ་འགྲོ་བཞིན་པ་ལྟར། རྨ་ཆུ་རྫོང་དང༌། མཛོད་དགེ་རྫོང་། རྨ་ལྷོ་སོག་རྫོང་བཅས་པའི་ནང་རྟ་རྒྱུག་ར་བ་གསར་འཛུགས་བྱས་ཡོད་པ་དེ་དག་གི་ཁོངས་ནས་སྐད་གྲགས་ཆེ་ཤོས་ནི་རྨ་ཆུ་རྫོང་གི་རྟ་རྒྱུག་དུས་སྟོན་དེར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང༌། འདི་ལོ་རྨ་ཆུ་རྫོང་གི་རྟ་རྒྱུག་དུས་སྟོན་ཚུགས་རྒྱུ་ངེས་གཏན་མེད་པའི་སྐོར་སྤྱི་ཚོགས་ནང་གླེང་སློང་ཞིག་ཁྱབ་བཞིན་ཡོད་པའི་རྒྱུ་མཚན་ནི། རྨ་ཆུ་རྫོང་གི་རྟ་རྒྱུག་དེར་ལྟད་མོ་བལྟ་བར་མི་མང་ཧ་ཅང་འབོར་ཆེན་པོ་འདུ་འཛོམས་ཡོང་གི་ཡོད་སྟབས། དེར་རྒྱ་ནག་གཞུང་གིས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org