༸གོང་ས་མཆོག་ལ་ཡི་ཤུ་ཆོས་དཔོན་ལས་དད་གུས་ཆེ་བ།

ཨས་ཊེ་རི་ཡའི་མང་ཚོགས་ཀྱིས་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་ལས་༧གོང་ས་མཆོག་ལ་ཡིད་ཆེས་ཆེ་བ་ཞུ་མཁན་མང་བ་ཡོད་འདུག

༄༅༎ཉེ་ལམ་ཡོ་རོབ་ཀྱི་ཡུལ་གྲུ་ཨས་ཊེ་རི་ཡ་ནང་མང་ཚོགས་ཀྱི་བསམ་ཚུལ་འདུ་ལེན་བྱེད་པའི་ལས་འགུལ་ཞིག་སྤེལ་བའི་ནང༌། ཡུལ་དེའི་མི་མང་མང་ཆེ་བས། ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་ པོཔ་ སྦི་ནི་ཌིཊ་ ལས་བོད་མིའི་དབུ་འཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ཡིད་ཆེས་ཆེ་བ་ཞུ་མཁན་མང་བ་ཡོད་པའི་གསལ་ཐོན་བྱུང་ཡོད་འདུག དེ་ཡང་ཨེ་པི་གསར་ལས་ཁང་གིས་འདི་ཚེས་ ༢༢ ཉིན་གནས་ཚུལ་སྤེལ་བར་གཞིགས་ན། སྤྱིར་བཏང་བྱས་པ་ཡིན་ན། ཨོས་ཀྲིརི་ཡ་ཞེས་པ་ནི། ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དེ་ལྟར་ཡང༌། ཉེ་ལམ་ཁ་དཔར་རྒྱུད་འཛམ་གླིང་གི་ཆོས་ཕྱོགས་དབུ་འཁྲིད་སུ་ལ། ཡུལ་དེའི་མང་ཚོགས་ཀྱིས་དད་མོས་དང་ཡིད་ཆེས་ཆེ་ཤོས་ཡོད་མེད་འདྲི་རྩད་བྱས་པའི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ཡིད་ཆེས་ཆེ་ཤོས་ཞུ་མཁན་མི་མང་བརྒྱ་ཆ་ ༣༨ དང༌། ཨོས་ཀྲིརི་ཡའི་ཡེ་ཤུའི་ཆོས་དཔོན་ ཀརི་སི་ ཊོ་ཕར་ ལ་ཡིད་ཆེས་ཞུ་མཁན་བརྒྱ་ཆ་ ༡༠།  དེ་ནས་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་ པོཔ་ ལ་ཡིད་ཆེས་ཆེ་ཤོས་ཞུ་མཁན་མི་མང་བརྒྱ་ཆ་ ༨ ལས་བྱུང་མི་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org