འཛམ་གླིང་གཞོན་ནུའི་ཉི་མོ་ཞེས་པའི་འདུ་འཛོམས།
2008.07.18
༄༅༎ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་ སྦེ་ནེ་ཌིག་༡༦པ་མཆོག་གིས་ ཁ་ས་ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་ཆེ་ཤོས་ སི་ཌི་ནི་ནང་འཛམ་གླིང་གི་གཞོན་ནུའི་ཉི་མོ་ཞེས་པའི་གཙོ་བོ་ཡེ་ཤུའི་ཆོས་ལུགས་ཉམས་ལེན་པ་རྣམས་ཀྱི་འདུ་འཛོམས་ཆེན་པོ་དེའི་ཐོག་འཛམ་གླིང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཡག་ཛ་དྲག་གི་གནད་དོན་ཞིག་ཆགས་ཡོད་པར་བརྟེན་ མི་རྣམས་འདོད་རྔམས་ཆེ་དྲག་ན་ འཛམ་གླིང་གི་ས་ཆུའི་རང་འབྱུང་ནོར་དང་གཏེར་རྣམས་ རྩ་སྟོང་འགྲོ་བའི་ཉེན་ཁ་ཡོག་རེད་ཅེས་ཉེན་བརྡ་བཏང་གནང་ཡོད་པ་རེད་ བླ་ཆེན་མཆོག་གིས་དེ་རིང་འཛམ་གླིང་གི་ཡེ་ཤུའི་གཞོན་ནུའི་དུས་ཆེན་གྱི་མཛད་རིམ་ཁོངས་སུ་ ཁ་ཆེ་དང་ཧིན་རྡུ་ ནང་པ་ ཇིའུའི་ཆོས་ལུགས་ཉམས་ལེན་པ་རྣམས་དང་ལྷན་མཇལ་གནང་ཐོག་ ཆོས་ཀྱི་མིང་ཐོག་ནས་འཛམ་གླིང་ནང་འཇིགས་སྐུལ་གྱི་ལྟ་གྲུབ་ལག་ལེན་བསྟར་ཐབས་བྱེད་པའི་ལས་འགུལ་ལ་གདོང་ལེན་བྱེད་ཕྱིར་ འཛམ་གླིང་གི་ཆོས་ལུགས་ཚང་མས་ལག་སྦྲེལ་བྱེད་དགོས་པའི་སྐུལ་འདེབས་གནང་ཡོད་པ་རེད་ ཆོས་ནི་འགྲོ་བ་མི་ཡོངས་ཀྱི་གཞི་རྩའི་ཐོབ་ཐང་རེད་ལ་ ས་ཁུལ་བྱེ་བྲག་པ་ཞིག་ནང་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་ཅེས་ཐད་ཀར་མིང་ནས་མ་འབོད་ཀྱང་ རྒྱ་ནག་གཞུང་སོགས་ ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་མཁན་རྒྱལ་ཁབ་ཁག་ལ་དམིགས་ཏེ་ གསུང་གནང་བ་ཡིན་པ་མཚོན་གྱི་ཡོད་པ་རེད།