ཉི་ཧོང་ནང་ས་ཡོམ་འགུལ་ཚད་༨དང་གྲངས་ཆུང་༨་ཞིག་རྒྱབ་འདུག
ཉི་ཧོང་གྱི་བྱང་ཕྱོགས་ཧོན་ཤུ་གླིང་ཕྲན་ནང་ས་ཡོམ་འགུལ་ཚད་༨དང་གྲངས་ཆུང་༨་རྒྱབ་པར་བརྟེན་ནས་རྦ་རླབས་ཀྱིས་གནོད་འཚེ་ཡོང་ཉེན།
-
2011-03-11 -
-
-
༄༅༎དེ་རིང་ཉི་ཧོང་གྱི་བྱང་ཕྱོགས་ཧོན་ཤུ་གླིང་ཕྲན་ནང་ས་ཡོམ་འགུལ་ཚད་༨དང་གྲངས་ཆུང་༨་རྒྱབ་པར་བརྟེན་ནས། ཉི་ཧོང་དང༌། ར་ཤི་ཡ། མའར་ཁ་སེ་གླིང་ཕྲན། བྱང་ཕྱོགས་མ་རི་ཡ་ན་སི་སོགས་ནང་རྦ་རླབས་ཀྱིས་གནོད་འཚེ་ཡོང་རྒྱུའི་ཉེན་བརྡ་གཏོང་གི་ཡོད་པ་རེད།
ས་ཡོམ་དེའི་ཤུགས་ཚད་ཀྱིས་ཉི་ཧོང་གི་རྒྱལ་ས་ཀྲོཀ་ཡོ་དང་གྲོང་ཁྱེར་ཨོ་ས་ཀ་སོགས་ཉི་ཧོང་གི་ཞི་བདེ་རྒྱ་མཚོའི་མཚོ་རྒྱུད་དུ་གཡོ་འགུལ་ཐེབས་ཡོད་པ་དང༌། མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་མ་ཟད། ས་ཁུལ་ཁག་ཅིག་ནང་གློག་ཆད་པ་དང༌། ས་ཁུལ་གཅིག་ནང་མཚོ་འོག་ནས་རྦ་རླབས་ཀྱི་གནོད་འཚེ་བྱུང་སྟེ། ཉི་ཧོང་གི་བརྙན་འཕྲིན་ཐོག་གནོད་འཚེའི་གནས་ཚུལ་རྣམས་རྒྱང་བསྲིང་བྱེད་བཞིན་ཡོད་པ་དང༌། རྡུལ་ཕྲན་གོ་མཚོན་བཟོ་གྲ་ཡང་ཛ་དྲག་གིས་སྒོ་རྒྱབ་དགོས་པ་བྱུང་ཡོད་པ་རེད།