མཆོད་འབུལ་སྨོན་ལམ།
དཀོན་མཆོག་བསྟན་འཛིན་ལགས་ཀྱི་དབུས་པའི་བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གནང་མཁན་ཚོར་རྗེས་དྲན།
-
2013-04-04 -
-
-
བཞུགས་སྒར་དྷ་རམ་ས་ལར་མྱ་ངན་རྗེས་དྲན་གྱི་མཆོད་འབུལ་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
༄༅། །རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལོ་ ༢༨ ལ་སོན་པའི་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་སྟབས། སྤྱིར་རྒྱལ་གཅེས་པ་ཁོང་གིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་དང། གཞན་ཡང་ཕྱི་ལོ་ ༣༠༡༣ ཟླ་ ༣ ཚེས་ ༢༩ ཉིན་ལྷ་སའི་ཉེ་འདབས་མེལ་གྲོ་གུང་དཀར་གཏེར་ཁ་སྔོག་ཡུལ་དུ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། བོད་མི་དང་རྒྱ་མི་ལས་བཟོ་བ་མང་དག་ས་འོག་ཏུ་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་བཅས་ཀྱི་ཆེད་ཁ་སང་ཚེས་༣ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་རྗེས་དྲན་ཞུས་ཡོད་པ་རེད།།