གནས་མཆོག་ལྦ་ར་ན་སིར་གདུང་སེམས་མཉམ་བསྐྱེད་ཀྱི་སྨོན་ལམ།

རྒྱ་གར་གྱི་གནས་མཆོག་ལྦ་ར་ན་སིར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་སྨྱུང་གནས་སྨོན་ལམ་སྲུང་བརྩི་གནང་ཡོད་འདུག

༄༅༎ཕྱི་ཟླ་བཅུ་པའི་ཚེས་༡༩ཉིན་ བོད་མི་གནས་ཡོད་འཛམ་གླིང་ཡུལ་གྲུ་གང་སར་དུས་གཅིག་ཏུ་ཞི་བའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་དང་བསྟུན། ལྦ་ར་ན་མཐོ་སློབ་ཀྱི་གཞོན་ནུ་དང་བླངས་རུ་ཁག་གི་གོ་སྒྲིག་འོག་སྭ་ར་ནྭ་ཐ་རངས་གོ་ལིར་ལྦ་ར་ན་སིའི་མཐོ་རིམ་སློབ་གྲ་དང་། ཉེ་འཁོར་དགོན་སྡེ་ཁག  ས་གནས་བོད་རིགས་སུད་ཚོང་བ། ཧི་མ་ལ་ཡའི་མི་དམངས་བཅས་མི་གྲངས་ལྔ་བརྒྱ་ལྷག་འདུ་འཛོམས་ཀྱིས་ཞི་བའི་ཟས་བཅད་ངོ་རྒོ་གཞི་རྒྱ་ཆེན་བ་ཞིག་གནང་ཡོད་པ་དང་། ལས་འགུལ་དེའི་ནང་བོད་མི་མང་སྤྱི་འཐུས་རྣམ་དག་གཙུག་ཕུད་ལགས་དང་། སྤྱི་ཟུར་བེ་རི་འཇིགས་མེད་ལགས། ས་གནས་རང་འདེན་ཚོགས་གཙོ་དང་། འཕགས་བོད་མཛའ་འབྲེལ་ཚོགས་པའི་འཐུས་མི་སོགས་ཀྱིས་བོད་ཀྱི་གནས་བབ་དང་། ད་ལྟའི་ཛ་དྲག་གི་གནས་སྟངས། རང་གཞུང་གི་ལངས་ཕྱོགས་སོགས་གཏམ་བཤད་གནང་བ་དང་། དེ་རྗེས་མང་ཚོགས་རང་འགུལ་གྱིས་རང་གི་ཟུང་ཁྲག་བཏོན་ནས་རས་དཀར་པོའི་ཐོག་བོད་ཧིན་ཨིན་རྒྱའི་སྐད་ཡིག་བཞིའི་ཐོག་ནས་འཆི་ལ་ཉེ་བའི་བོད་སྐྱོབ་རོགས་ཞེས་བྲིས་པའི་གོང་འོག་ཏུ་ཚོགས་ཞུགས་པ་ཡོངས་ཀྱིས་ས་རྟགས་བཀོད་ཡོད་པ་རེད། དེའི་སྐབས་རྒྱ་གར་གྱི་དུས་བབ་དང་ ཧིན་རྡུ་སི་ཏན་དུས་བབ་སོགས་སྐད་གྲགས་ཆེ་བའི་ཚགས་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་མ་ཟད། ཚོགས་བཞུགས་པ་མང་པོར་བཅར་འདྲི་ཞུས་པའི་ཁར་ཕྱི་རྒྱལ་ཡུལ་ཁག་ནང་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོས་ཀྱང་ཚོར་སྣང་ཆེན་པོའི་ཐོག་ནས་པར་ལེན་དང་དྲི་བ་དྲིས་པ་སོགས་བྱས་ཡོད་འདུག། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org