རྡོ་བསྐོས་ནག་བསུབ་བཏང།


2013.03.19
ཡུལ་ཤུལ་ཁང་དམར་སྡེ་བར་ཞབས་བརྟན་གསོལ་འདེབས་རྡོ་རྐོས་བྱས་པ་རྒྱ་གཞུང་གིས་ནག་སུབ་བྱས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀུན་བཟང་བསྟན་འཛིན།

༄༅།    །ད་ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༥༤ དང་སྟབས་བསྟུན། མཚོ་སྔོན་ཞིང་ཆེན་ཁྲི་འདུ་རྫོང་རྫ་སྟོད་ཤང་ཉ་མཚོ་ཁང་དམར་སྡེ་པའི་བོད་རིགས་མང་ཚོགས་ཀྱིས། ས་གནས་དེའི་བྲག་ངོས་ཤིག་ཏུ་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཏེ། གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡིས།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག་ཅེས་པའི་ཚིགས་བཅད་ཅིག་བརྐོས་ཡོད་པར། རྫོང་སྲིད་གཞུང་གིས་ཡི་གེ་དེ་ཆབ་སྲིད་ཚོར་བ་རྣོ་བའི་ཚིག་ཅིག་ཡིན་ཚུལ་བཤད་དེ། འཕྲལ་དུ་དམག་མི་ཆེད་གཏོང་གིས་ནག་བསུབ་བཏང་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་གསུམ་བཅུའི་དུས་དྲན་མ་སླེབས་ཙམ་ལ། རྒྱ་གཞུང་གིས་ཁྲི་འདུ་རྫོང་ས་གནས་མང་ཚོགས་བསྡུ་བསྐོང་བྱས་ཏེ། དུས་དྲན་སྐབས་མི་སུ་ཡིན་རུང་བོད་ཀྱི་ཕྱི་ཕྱོགས་སུ་ཁ་པར་དང་བརྒྱུད་ལམ་གང་རུང་ཐོག་འབྲེལ་བ་བྱ་མི་ཆོག་པ་དང་། ཁ་པར་ཐོག་འབྲེལ་བ་བྱེད་མཁན་ཚོར་རྒྱ་གཞུང་འབྲེལ་ཡོད་ལས་བྱེད་ཚོས་ལྐོག་ཉན་བྱེད་ཀྱི་ཡོད་པས་མ་ཟད། ལྐོག་ནས་ཕྱི་ལ་གནས་ཚུལ་སྐྱེལ་མཁན་ཚོར་སྲིད་གཞུང་གིས་ཁྲིམས་ཐག་ནན་པོ་་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎