སྨྲ་བརྗོད་རང་དབང་ནི་འགྲོ་བ་མི་ཀུན་ལ་ཁྱབ་ཀྱི་ཡོད་སྐོར།

ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་སྨྲ་བརྗོད་ཀྱི་རང་དབང་ནི་འགྲོ་བ་མི་ཀུན་ལ་ཁྱབ་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

2009.11.16

༄༅༎ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་སྨྲ་བརྗོད་ཀྱི་རང་དབང་ནི་འགྲོ་བ་མི་ཀུན་ལ་ཁྱབ་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

རེས་གཟའ་ཟླ་བ་ཉིན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རྒྱ་ནག་གི་གྲོང་ཁྱེར་ཤང་ཧའི་ནང་རྒྱ་ནག་གི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་གི་ཞུགས་མོལ་ཚུགས་འདུ་ཞིག་གི་ཐོག་མི་སྒེར་སོ་སོའི་སྨྲ་བརྗོད་ཀྱི་རང་དབང་ནི་ཨ་མི་རི་ཀ་ཁོ་ནའི་ཕུགས་བསམ་ཞིག་མིན་ཞིང་དེ་ནི་འཛམ་གླིང་གི་འགྲོ་བ་མི་ཐམས་ཅད་ཀྱིས་སྤྱོད་དགོས་པའི་རང་དབང་ཞིག་རེད་གསུངས་འདུག

ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གི་ཨེ་ཤེ་ཡ་མངའ་ཁུལ་ཁག་ཅིག་གི་རྒྱལ་དོན་འཚམས་གཟིགས་དང་པོ་དེར་རྒྱ་ནག་དང་ཨ་རི་བར་གྱི་མཐུན་འབྲེལ་གྱི་གནས་བབ་དེར་བསྔགས་བརྗོད་གནང་ཀྱང་དམ་བསྒྲགས་ཤུགས་ཆེ་འོག་གནས་པའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་དེར་བརྡ་ལན་ཡང་གསལ་པོ་ཞིག་གནང་ཡོད་པ་རེད། དེ་ཡང་ཁོང་གིས་འཛམ་གླིང་གི་དཀའ་རྙོག་ཁག་ཅིག་ཨ་རི་དང་རྒྱ་ནག་མཐུན་འབྲེལ་མ་གནང་བར་སེལ་ཐུབ་དཀའ་བའི་རང་བཞིན་ཞིག་ལ་བརྟེན་པ་ཡིན་སྐོར་དང་རྒྱ་ནག་ངོས་ནས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ངོས་ལེན་བྱེད་དགོས་པའི་བསྐུལ་དེད་ཀྱང་གནང་ཡོད་པ་རེད། ཁོང་ནི་ཨ་མི་རི་ཀའི་སྲིད་འཛིན་ཞིག་གིས་རྒྱ་ནག་གི་ས་ཐོག་ཞུགས་མོལ་ཚོགས་འདུ་དེ་འདྲ་བ་བསྐོངས་ཚོགས་གནང་མཁན་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་ཅིང་སྐབས་དེར་ཁོང་གིས་ང་ཚོས་ཨ་མི་རི་ཀའི་གཞུང་གི་ལམ་ལུགས་དེ་འཛམ་གླིང་གི་ཡུལ་ཁག་གཞན་ཞིག་ལ་འགེལ་རྒྱུའི་འདོད་པ་མེད་ ཡིན་ནའང་ང་ཚོའི་རྒྱལ་ཁབ་ཀྱིས་བརྟེན་པའི་ཕུགས་བསམ་དེ་དག་ང་ཚོ་གཅིག་པུར་དམིགས་བསལ་ཅིག་ཆགས་ཀྱི་མེད་ཅེས་གསུངས་འདུག ཡང་ཁོང་གིས་སྨྲ་བརྗོད་ཀྱི་རང་དབང་དང་ཆོས་དད་རང་དབང་ གནས་ཚུལ་གང་ཡང་ཤེས་པར་བྱེད་ཆོག་པ་དེ་བཞིན་སྲིད་དོན་ནང་ཞུགས་ཆོག་པའི་རང་དབང་དེ་དག་འགྲོ་བ་མི་ཐམས་ཅད་ཀྱི་རང་དབང་རེད། རང་དབང་དེ་དག་ཨ་མི་རི་ཀ་དང་རྒྱ་ནག་དེ་མིན་རྒྱལ་ཁབ་སུ་རུང་ནང་ཆོས་ལུགས་དང་གྲངས་ཉུང་མི་རིགས་ཐེ་བས་ཚང་མར་སྤྱོད་རྒྱུའི་རང་དབང་དགོས་ཞེས་གསུངས་འདུག ད་ཐེངས་སྲིད་འཛིན་ཨོ་སྦ་མ་མཆོག་གི་རྒྱ་ནག་གི་རྒྱལ་དོན་འཚམས་གཟིགས་དེར་ཨ་མི་རི་ཀས་ཡུན་རིང་དུ་བློ་འཚབ་བྱེད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་དང་ཡུལ་དེ་དང་དཔལ་འབྱོར་དང་སྲུང་སྐྱོབ་ཀྱི་གནད་དོན་ཐོག་འབྲེལ་བ་དམ་ཟབ་མི་བྱེད་ཀ་མེད་ཀྱི་གནད་འགག་གཉིས་དེ་ཕྱོགས་གཅིག་ཏུ་མ་ལྷུང་བ་གནང་རྒྱུའི་ཐོག་འབད་བརྩོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎