ཨ་རིའི་སྲིད་འཛིན་ནས་རྒྱ་ནག་ཏུ་བོད་དོན་གླེང་གནང་རྒྱུ།

ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་བོད་དོན་སྐོར་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་མཇལ་འཕྲད་སྐབས་ཐད་ཀར་གླེང་སློང་གནང་རྒྱུ་ཡིན་སྐོར།

2009.11.10

༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་རིང་མིན་རྒྱ་ནག་ཏུ་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་ལྷག་པར་བོད་དོན་སྐོར་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་མཇལ་འཕྲད་སྐབས་ཐད་ཀར་གླེང་སློང་གནང་རྒྱུ་ཡིན་པ་ཨ་མི་རི་ཀའི་མཐོ་རིམ་དཔོན་རིགས་ཤིག་གིས་གསུངས་འདུག

སྲིད་འཛིན་ཨོ་སྦ་མ་སང་ཉིན་གཟའ་ལྷག་པའི་ཉིན་ཉེ་ཧོང་དང་སིང་ག་པུར་རྒྱ་ནག་དང་ལྷོ་ཀོ་རི་ཡ་བཅས་སུ་རྒྱལ་དོན་འཚམས་གཟིགས་ཆེད་ལྦ་ཤིང་ཊོན་ནས་ཕེབས་ཐོན་གནང་རྒྱུ་ཡིན་ཞིང་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་འཚམས་གཟིགས་འདི་ནི་གལ་འགངས་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ཕེབས་འབྱོར་གྱིས་མཚན་གཅིག་ཞུགས་བཞག་གནང་རྒྱུ་དང་ཕྱི་ཚེས་བཅུ་དྲུག་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་གནང་སྟེ་ཕྱི་ཚེས་བཅུ་བདུན་ཉིན་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ཟུར་མཇལ་གནང་རྒྱུ་ཡིན་པ་རེད།

འདི་ནི་སྐུ་ཞབས་ཨོ་སྦ་མ་ཨ་མི་རི་ཀའི་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས་ཁོང་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཏུ་འཚམས་གཟིགས་གནང་པ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་དང་རྒྱ་ནག་གི་སྲིད་འཛིན་དང་ཆེས་མཐོའི་མཇལ་འཕྲད་སྐབས་སྲིད་འཛིན་ཨོ་སྦ་མའི་ངོས་ནས་ཆོས་དད་རང་དབང་དང་བོད་ཀྱི་གནད་དོན་དེ་མིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ཐད་ཀར་གླེང་སློང་གནང་རྒྱུ་ཡིན་པ་ཨ་མི་རི་ཀའི་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་ཤར་ཨེ་ཤེ་ཡའི་ལས་དོན་སྡེ་ཚན་གྱི་འགན་འཛིན་བགྲེས་པ་སྐུ་ཞབས་ཇེཕ་སྦེ་ཌར་གྱིས་གཟའ་མིག་དམར་ཉིན་གསར་འགོད་པ་ཚོར་གསུངས་ཡོད་པ་རེད།

ཁོང་གིས་ངས་ད་ལྟ་དངོས་སུ་སྲིད་འཛིན་ནས་ག་རེ་གསུངས་ཀྱི་ཡོད་མེད་གསལ་པོར་བརྗོད་རྒྱུ་མིན་ འོན་ཀྱང་རྒྱུན་དུ་ང་ཚོའི་སེམས་ནང་ཡོད་པ་རྣམ་འགྱུར་གྱི་རང་དབང་དང་གསར་འགྱུར་གྱི་རང་དབང་ ཆོས་དད་རང་དབང་ ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས་ཀྱི་གནད་དོན་ དེ་བཞིན་ངེས་པར་དུ་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་གི་རེད་ལ་ད་རེས་ཀྱི་སྲིད་འཛིན་གྱི་འཚམས་གཟིགས་དེའི་སྐབས་བོད་ཀྱི་གནད་དོན་ནི་ངེས་པར་གླེང་སློང་ཡོང་རྒྱུ་ཡིན་པར་ཡིད་ཆེས་གཙང་མ་ཡོད་ཅེས་ནན་བརྗོད་ཀྱང་གནང་འདུག་ལ་ཡང་ཁོང་གིས་སྲིད་འཛིན་གྱི་ངོས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མ་འོངས་དུས་ཚོད་ངེས་མཚམས་ཤིག་གི་སྐབས་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་གསལ་པོར་གསུངས་ཟིན་པ་རེད་ཅེས་གསལ་བཤད་ཀྱང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎