རྒྱ་ནག་ནི་སྡང་དགྲ་དང་རྒྱལ་སྤྱིའི་རོགས་ཟླ་གཉིས་ཀ་ཡིན།

ཨ་རིའི་སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་བགྲོ་གླེང་མཐའ་མ་དེ་ཨ་རིའི་ཕྱི་སྲིད་སྐོར་གནང་ཡོད་ཅིང་། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ཁྱོན་ཡོངས་ནས་སྤྱི་འདྲ་སྤྱི་མཚུངས་བྱེད་གལ་ཆེ་བ་གཉིས་ཀས་གསུངས་འདུག།

དེ་ཡང་ཚེས་༢༢ཉིན་ཨ་རིའི་སྲིད་འཛིན་འོས་མི་Barack Obama དང་།       Mitt Romney རྣམ་གཉིས་ཀྱིས་བགྲོ་གླེང་གསུམ་པ་སྟེ་མཐའ་མ་དེ་ཨ་རིའི་ཕྱི་སྲིད་སྐོར་གནང་ཡོད་ཅིང་།     ད་ཡོད་འཛིན་སྐྱོང་གིས་ཨ་རིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་Mitt Romney ཡིས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་ཀྱང་སྲིད་འཛིན་Obama ཡིས་རྒྱ་ནག་ནི་སྡང་དགྲ་དང་རྒྱལ་སྤྱིའི་རོགས་ཟླ་གཉིས་ཀ་ཡིན་པར་འགྲེལ་བརྗོད་གནང་འདུག        འོན་ཀྱང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ཁྱོན་ཡོངས་ཀྱི་བརྩི་བཀུར་བྱེད་ཀྱི་ཡོད་པ་ལྟར།  རྒྱ་ནག་གཞུང་གིས་སྤྱི་འདྲ་སྤྱི་མཚུངས་བྱེད་གལ་ཆེ་བའི་གནད་དོན་ལ་སྲིད་འཛིན་འོས་མི་གཉིས་ཀས་གཅིག་གྱུར་གསུངས་གནང་ཡོད་པ་རེད།  ཨ་རིའི་ཕྱི་སྲིད་ཀྱི་གནད་དོན་གཙོ་གནད་ཆེ་བ་ཁག་ནི།    Arab ཡུལ་གྲུ་ཁག་ནང་མང་གཙོའི་ལས་འགུལ་གྱི་གསར་བརྗེ་ལངས་པའི་སྐོར་དང༌།   Iran, Israel, རྒྱ་ནག་བཅས་ཡིན་པ་རེད།  རྒྱ་ནག་གིས་འགྲོ་རྒྱུགས་དངུལ་གྱི་འཛའ་ཐང་དམའ་བོར་འཇོག་བཞིན་པ་དང༌།        དེ་བཞིན་ཨ་རིའི་གསར་བཟོས་དངོས་ཟོག་དཔེ་བཤུས་བྱས་ཏེ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་དོན་ལ་འགལ་འཛོལ་གཏོང་བཞིན་པར་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།    སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་བགྲོ་གླེང་གྲུབ་མཚམས་མི་མང་ཁག་ཅིག་གི་བསམ་ཚུལ་བསྡུ་རུབ་བྱས་པའི་བྱས་པ་ལྟར་ན།        ད་ཡོད་སྲིད་འཛིན་Obama ལ་ཕྲན་བུ་བགྲོ་གླེང་རྒྱལ་ཁ་ཐོབ་པར་གསུངས་ཡོད་ཀྱང་གནས་ཚུལ་དབྱེ་ཞིབ་པ་ཚོས་གསུང་ན།      སྲིད་འཛིན་འོས་མིའི་བགྲོ་གླེང་དང་པོ་དེ་གལ་ཆེ་ཤོས་ཡིནཔར་གསུངས་འདུག        གང་ལྟར་ད་ནས་བདུན་ཕྲག་གཉིས་ཀྱི་རྗེས་སུ་ཕྱི་ཟླ་༡༡་པའི་ཚེས་༦་ཉིན་ཨ་རིའི་སྲིད་འཛིན་འོས་བསྡུ་གནང་རྒྱུ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org