རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་༧གོང་ས་མཆོག་མཇལ་བཅར་ཞུས་པ།

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་རྗེས་གསར་འགོད་ལྷན་ཚོགས་གནང་ཡོད་པ།

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་རྗེས་གསར་འགོད་ལྷན་ཚོགས་གནང་ཡོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཨོ་རྒྱན་བསྟན་འཛིན།

༄༅། །སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་དབུས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་མཛད་གཙོ་དང་། དགེ་ལུགས་ཀྱི་དགོན་སྡེ་ཆེ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་༧སྤྱི་ནོར་༧གོང་ས་༧སྐྱབས་ མགོན་ཆེན་པོ་མཆོག་མཇལ་བཅར་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷ་དགོང་ དྭངས་པ་དང་བསྟན་དང་འགྲོ་བའི་མགོན་དུ་༧སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་སྨོན་འདུན་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དེ་དོན་བཀའ་བཞེས་གཟབ་མོ་ཐོབ་ཡོད་པ་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་བཞུགས་སྒར་གམ་བཅར་རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་ཁང་ནང་རྒྱལ་སྤྱིའི་དགེ་ ལྡན་ལྷན་ཚོགས་ཀྱི་མཚན་ཐོག་ནས་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་ཡོད་ ཅིང་།  ཞིབ་ ཕྲའི་གནས་ཚུལ་སྐབས་དེར་ལྷན་ཚོགས་དེའི་མགྲིན་ཚབ་པ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག་གིས་གསལ་བཤད་གནང་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org