དཀྱིལ་ཤར་ཡུལ་ནང་མི་མང་གིས་གཞུང་ལ་ངོ་རྒོལ་སྤེལ་བཞིན་པ།

དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨཕ་རི་ཀའི་ཡུལ་གྲུ་ཁག་གི་ནང་མི་མང་གིས་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་འཐུད་ཀྱི་སྤེལ་བཞིན་ཡོད་པ་རེད།

2011.02.19

༄༅༎ཏུ་ནི་ཤི་ཡ་དང་ཨི་ཇིཔཏ་སོགས་ཀྱི་ནང་མང་ཚོགས་སྒེར་ལངས་ཀྱི་རྐྱེན་པས་རྒྱུན་རིང་ཡུལ་གྲུ་དེ་དག་གི་སྲིད་དབང་བཟུང་མཁན་གྱི་འགོ་འཁྲིད་འཕོ་བསྒྱུར་བཏང་བའི་གནས་ཚུལ་བྱུང་རྗེས་ དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨཕ་རི་ཀའི་ཡུལ་གྲུ་ཁག་གི་ནང་མི་མང་གིས་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་འཐུད་ཀྱི་སྤེལ་བཞིན་ཡོད་པ་རེད།

བྱང་ཨཕ་རི་ཀའི་ཡུལ་གྲུ་ལི་བི་ཡའི་ནང་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་མུ་འཐུད་སྤེལ་སྐབས་གཞུང་གིས་དམག་མིས་ངོ་རྒོལ་བ་ཚོའི་ཐོག་མེ་མདའ་བརྒྱབ་སྟེ་མི་གྲངས་༨༤རྐྱེན་ལམ་དུ་བཏང་ཡོད་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་བརྗོད་བཞིན་ཡོད་པ་རེད།

བ་ཧ་རེན་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་གཞུང་ཕྱོགས་ནས་གྲོས་མོལ་བྱ་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད་ན་ཡང་ང་རྒོལ་བའི་འགོ་འཁྲིད་ཚོས་གཞུང་དེའི་བློན་ཆེན་ཡོངས་རྫོགས་དགོངས་ཞུ་མ་བྱས་བར་དང་ གཞུང་ལམ་དུ་ཡོད་པའི་དམག་དཔུང་ཕྱིར་འཐེན་མ་བྱས་བར་གྲོས་མོལ་ནང་ཞུགས་རྒྱུ་མིན་པའི་ལན་འདེབས་བྱས་འདུག གཟའ་སྤེན་པའི་ཉིན་ཡེ་མེན་གྱི་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་དང་རྒྱབ་སྐྱོར་བྱ་མཁན་དབར་འཁྲུག་རྫིངས་བྱུང་སྟེ་ ཉུང་མཐར་མི་གཅིག་རྐྱེན་ལམ་བཏང་པ་ཨེ་པི་གསར་ལས་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་འདུག།

ཨལ་ཇེ་རི་ཡའི་ནང་ངོ་རྒོལ་བ་ཉི་བརྒྱ་སྐོར་ཞིག་གིས་ཉེན་རྟོག་པ་ཁྱོན་ཆེ་འགྲེམ་འཇོག་བྱེད་མིན་ལ་མ་བལྟོས་པར་ཨལ་ཇེ་རི་ཡར་མང་གཙོ་དང་རང་དབང་དགོས་པ་དང་ད་ལྟའི་གཞུང་འཛིན་བརྗེ་བསྒྱུར་དགོས་པའི་འབོད་ཚིགས་ཤུགས་ཆེ་སྒྲགས་འདུག།

དཀྱིལ་ཤར་ཡུལ་གྲུ་སའོ་རྡི་ཨ་ར་བི་ཡའི་གཞུང་གིས་ཉིན་ཤས་གོང་ཡུལ་དེའི་ནང་སྲིད་དོན་གྱི་ཚོགས་པ་གསར་པ་འཛུག་ཐབས་བྱ་མཁན་དང་ ངོ་རྒོལ་གོ་སྒྲིག་བྱ་མཁན་གྱི་འགོ་འཁྲིད་མི་སྣ་མང་དག་ཞིག་འཇུ་བཟུང་བྱས་པའི་ཁོངས་ནས་ ལས་འགུལ་བ་མི་ལྔ་འཕྲལ་དུ་གློད་བཀྲོལ་དགོས་རྒྱུར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་ཞུ་བསྐུལ་བྱས་ཡོད་པ་རེད།

གཟའ་སྤེན་པའི་ཉིན་ཨི་ཇིཔཏ་གྱི་དམག་དཔུང་གིས་ངོ་རྒོལ་བ་ཚོས་རྒྱལ་ཁབ་ཀྱི་དཔལ་འབྱོར་བྱ་བཞག་གི་ལས་དོན་ཁག་ལ་དོ་ཕོགས་གཏོང་ཐབས་བྱེད་ཚེ་ དེར་བཟོད་སྒོམ་བྱ་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་ཨི་རན་གྱི་ཁ་གཏད་ཚོགས་པའི་འགོ་འཁྲིད་ཧོ་སེན་མུ་ས་ལྦི་ཕྱི་ཕྱོགས་དང་འབྲེལ་བ་གནང་རྒྱུའི་བརྒྱུད་ལམ་ཡོངས་རྫོགས་བཅད་སྟེ་བཟང་བཙོན་འོག་བཞག་ཡོད་འདུག་ལ་ ཇོར་ཌེན་དང་ཀུ་ལྦེཏ་ སི་རི་ཡ་བཅས་ཀྱི་ནང་མུ་འཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎