དྲག་ཆས་དམག་མིས་དམ་བསྒྲགས།

བོད་མདོ་སྨད་བླ་བྲང་དགོན་དང་བསང་ཁོག་སོགས་སུ་རྒྱ་གཞུང་གི་དྲག་ཆས་དམག་མིས་མུ་མཐུད་དུ་དམ་སྲུང་ནན་མོ་བྱེད་བཞིན་པ་རེད་འདུག

བོད་མདོ་སྨད་བླ་བྲང་དགོན་དང་བསང་ཁོག་སོགས་སུ་རྒྱ་གཞུང་གི་དྲག་ཆས་དམག་མིས་མུ་མཐུད་དུ་དམ་སྲུང་ནན་མོ་བྱེད་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀུན་བཟང་བསྟན་འཛིན།

༄༅།    །དེ་རིང་བོད་ནས་གནས་ཚུལ་འབྱོར་དོན་ལྟར་ན།  ཀན་སུ་ཞིང་ཆེན་ཀན་ལྷོ་ཁུལ་བླ་བྲང་དགོན་པ་དང་། བསང་ཁོག་སོགས་སུ་འདིི་ལོའི་གསུམ་བཅུའི་དུས་དྲན་སྐབས་ནས་བཟུང་ད་བར་བརྡ་འཕྲིན་གྱི་སྐོར་ལ་རྟོག་ཞིབ་གྱི་རླངས་འཁོར་དང་། དུག་རླུངས་གཏོར་བྱེད་གྱི་རླངས་འཁོར་སོགས་འགྲེམས་འཇོག་གིས་རྒྱ་གཞུང་གི་དྲག་ཆས་དམག་མི་དང་། གསང་བའི་མི་སྣ་ཚོ་དམ་བསྒྲགས་ངང་ལྟ་སྲུང་ནན་མོ་བྱེད་བཞིན་པ་དང་། ཞིང་ཆེན་གཞན་ནས་ས་གནས་དེར་ཡོང་མཁན་བོད་མི་ཚོ་ལ་ཡང་ཐོབ་ཐང་ལག་འཁྱེར་དང་། ཁག་ཁུར་འགན་ལེན་བྱེད་མཁན་སོགས་མེད་ན་བཀག་འགོག་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་རེད་འདུག  དེ་མིན་ཡང་དེང་སང་རེབ་གོང་ས་གནས་སུ་བོད་རང་བཙན་གྱི་ངོ་བོ་ལྡན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་བཅུ་གསུམ་ཞེས་པ་གསལ་བསྒྲགས་ཡིག་ཆ་ཞིག་སྤེལ་ཏེ་རྫོང་དང། ཤང་། གྲོང་ཚོ་རིམ་པར་བཀྲམས་བཞིན་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org