རྒྱ་གཞུང་གིས་བོད་ནང་དམ་དྲག་ལ་རྒྱ་མིས་སྐྱོན་བརྗོད།

རྒྱ་ནག་ནང་ཕུལ་བྱུང་གི་དེང་རབས་སྒྱུ་རྩལ་བར་ཡོངས་གྲགས་སུ་ངོས་འཛིན་བྱེད་བཞིན་པའི་རྒྱ་རིགས་སྒྱུ་རྩལ་བ་ཨད་དབོད་དབོད་ཀྱིས་རྒྱ་ནག་གཞུང་གིས་བོད་མིར་དམ་དྲག་བྱེད་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

༄༅།།རྒྱ་རིགས་ཨད་དབོད་དབོད་ཀྱིས་ཉེ་ལམ་ཨ་རིའི་ནང་Foreign policy ཞེས་པའི་གསར་འགྱུར་དྲ་ལམ་གྱི་གསར་འགོད་པ་Jonathan landerth ཡིས་བཅར་འདྲི་བྱེད་པའི་སྐབས།  ཁོང་བོད་ཀྱི་རྒྱལ་ས་ལྷ་སར་དེ་སྔོན་བསྐྱོད་མྱོང་ཡོད་མེད་དྲིས་སྐབས།  སྒྱུ་རྩལ་བ་ཨད་དབོད་དབོད་ཀྱིས་བོད་མི་ཚོས་བསྟུད་མར་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་དེར། བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་རྒྱུར་ང་རང་ངོ་ཚ་པོ་ཡོང་ས་རེད་ཅེས་ལན་འདེབས་གནང་ཡོད་པས་མ་ཟད།  འདས་པའི་ལོ་ངོ་གཉིས་གོང་ནས་ད་བར་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་བཞི་བཅུ་བརྒལ་བ་འགྲོ་བཞིན་ཡོད་ཀྱང་།  དེའི་སྐོར་སུས་ཀྱང་སྐད་ཆ་ཤོད་ཀྱི་མེད་ཅེས་དང་།   ད་དུང་རྒྱ་རིགས་སྒྱུ་རྩལ་བ་ཨད་དབོད་དབོད་ཀྱིས་གསར་འགོད་པར་མུ་མཐུད་འགྲེལ་བརྗོད་གནང་སྐབས། རྒྱ་ནག་དེ་བཞིན་འདུ་ཤེས་འཛིན་སྟངས་ལ་བཀག་སྡོམ་ཤུགས་ཆེ་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཡིན་པ་དང་།  ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་དེ་བས་དམ་དྲག་བཀག་སྡོམ་ཡོད་ཅིང་།  གལ་སྲིད་རྒྱ་མི་རིགས་མང་ཆེ་བས་གྲངས་ཉུང་མི་རིགས་ཚོ་རྒྱ་ནག་གཞུང་གིས་བརྗོད་པ་བཞིན་མི་ཡུལ་གྱི་དམྱལ་བ་ནས་སྐྱོབ་མཁན་ཡིན་པར་ངོས་འཛིན་བྱས་ཚེ། བོད་ཀྱི་གནད་དོན་དེར་ཐག་གཅོད་ཐུབ་པའི་རེ་བ་མེད་པ་རེད།  དེར་བརྟེན་རྒྱ་རིགས་ཚོས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་མཐོང་ཆུང་དང་བརྙས་བཅོས་ཀྱི་བྱ་སྤྱོད་དེ་རིགས་ངེས་པར་དུ་མཚམས་འཇོག་བྱ་དགོས་པ་དང་།  བོད་མི་ཚོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་ཡོད་པའི་ཁར།  རྒྱ་མི་རིགས་དང་མི་འདྲ་བའི་རང་ཉིད་ཀྱི་བསམ་བློ་གཏོང་ཕྱོགས་ཤིག་ཡོད་པར་བརྟེན།  དེ་ལ་བརྩི་བཀུར་ཞུ་རྒྱུ་དེ་ནི་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།།    

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org