རྒྱ་གར་ནང་དྲང་བདེན་གྱི་འཕེལ་རྒྱས་གཏོང་དགོས་རྒྱུའི་རེ་སྐུལ།

རྒྱ་གར་ནང་དཔལ་འབྱོར་ཆེ་ཤོས་ཀྱི་གྲས་སྐུ་ཞབས་ཨམ་སྦ་ནི་ཡིས་རྒྱ་གར་ནང་དྲང་བདེན་གྱི་འཕེལ་རྒྱས་གཏོང་དགོས་རྒྱུ་ཛ་དྲག་གི་འབོད་སྐུལ།

༄༅༎རྒྱ་གར་ནང་དཔལ་འབྱོར་ཆེ་ཤོས་ཀྱི་གྲས་སྐུ་ཞབས་མུ་ཀེཤ་ཨམ་སྦ་ནི་ཡིས་རྒྱ་གར་ནང་དྲང་བདེན་གྱི་འཕེལ་རྒྱས་གཏོང་དགོས་རྒྱུ་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད་ སྐུ་ཞབས་ཨམ་སྦ་ནི་ཡིས་གཟའ་མིག་དམར་ཉིན་རྒྱ་གར་གྱི་ཚོང་དོན་དང་བཟོ་ལས་མཉམ་འབྲེལ་ཚོགས་པས་རྒྱལ་ས་ལྡི་ལིའི་ནང་ཚོགས་པའི་ལོ་འཁོར་ལྷན་ཚོགས་ཐོག་གསུང་བཤད་གནང་བའི་སྐབས་གསུང་ན་ རྒྱ་གར་ནང་འབྱོར་ལྡན་དང་དབུལ་ཕོངས་དབར་གྱི་ཧེ་བག་ཆུང་དུ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་ཅིང་ ཁོང་གིས་རྒྱ་གར་ནང་ཕྱོགས་གཅིག་ནས་དཔལ་འབྱོར་དང་དམངས་གཙོའི་ལམ་ལུགས་འཕེལ་རྒྱས་ཤུགས་ཆེ་ཕྱིན་ཡོད་པ་དང་། ཡིན་ནའི་ཕྱོགས་གཞན་ཞིག་ནས་མི་མང་པོ་ཞིག་འཕེལ་རྒྱས་ཀྱི་མཇུག་ཏུ་ལུས་ནས་ད་དུང་ཡང་གྲངས་འབོར་མི་ཉུང་བ་ཞིག་དབུལ་ཕོངས་ཀྱི་གནས་སྟངས་འོག་ཡོད་མུས་ཡིན་ཞིང་ མི་མང་པོ་ཞིག་དབུངས་ཕོངས་ཉམ་ཐག་གིས་རྐྱེན་གྱིས་མི་དགའ་བ་དང་ཁོང་ཁྲོའི་རྣམ་འགྱུར་ཤུགས་ཆེ་ཡོད་སྟབས་ ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཡོང་ཐབས་མེད་ཅིང་ དེར་བརྟེན་རྒྱ་གར་ནང་འབྱོར་ལྡན་དང་དབུལ་ཕོངས་དབར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གསུང་འདུག ཡང་སྐུ་ཞབས་ཨམ་སྦ་ནི་ཡིས་ལོ་ལྟར་རྒྱ་གར་ནང་མི་གྲངས་ས་ཡ་༡༥ཙམ་ལ་ལས་ཀ་སྐྲུན་ཐུབ་པ་བྱས་ནས་མ་འོངས་ལོ་བཅུའི་ནང་གཞོན་སྐྱེས་ས་ཡ་༢༠༠ཙམ་ལས་ཀ་ཡོད་པའི་གནས་སྟངས་ཤིག་སྐྲུན་རྒྱུར་རྒྱ་གར་ནང་གི་བཟོ་ལས་ཁེ་གཉེར་བ་ཚོས་ཕན་ཚུན་མཉམ་ལས་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org