རོང་རྒྱལ་ཨ་གྲགས་ལགས་སྡུག་སྦྱོང་མྱོང་བཞིན་པ།
རོང་རྒྱལ་ཨ་གྲགས་ལགས་འདས་པའི་ལོ་ངོ་ལྔ་བཙོན་འཇུག་བྱེད་རིང་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱོང་མུས་ཡིན་པས་མ་ཚད། ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་རེད་འདུག
-
2012-08-03 -
-
-
༄༅། །རོང་རྒྱལ་ཨ་གྲགས་ལགས་ཀྱིས་༢༠༠༧ ལོར་ལི་ཐང་རྟ་རྒྱུགས་ཀྱི་དུས་སྟོན་འདུ་འཛོམས་ཐོག བོད་དོན་སྐད་འབོད་གནང་བར་བརྟེན། རྒྱ་ནག་ཁྲིམས་ཁང་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་། སྤྱི་ཚོགས་བརྟན་ལྷིང་ལ་གནོད་ཚབས་བཟོས་པའི་ཉེས་བཙུགས་ཐོག་ནས་ལོ་ངོ་བརྒྱད་བཙོན་འཇུག་ལོ་ཚད་བཟོས་ཏེ། ད་ལྟ་Miyang བཙོན་ཁང་དུ་བཙོན་འཇུག་བྱེད་མུས་ཡིན་པ་རེད། ཁོང་གི་སྤུན་མཆེད་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཕ་ཡུལ་དྲ་གནས་ལ་འགྲེལ་བརྗོད་གནང་བ་ལྟར་ན། བཙོན་ཁང་ནང་ཁོང་ལ་བཙོན་སྲུང་བ་ཚོས་རྒྱུན་དུ་ནས་དུས་ཚོད་ངེས་མེད་ཀྱིས་ཉེས་རྡུང་མནར་གཅོད་བཏང་ནས་ སྙན་ཅོག་གོ་རྒྱུ་མེད་པ་བཟོས་ཡོད་པའི་ཁར། མིག་ཡང་གསལ་པོ་མི་མཐོང་མཁན་ཆགས་ཡོད་པ་རེད་འདུག དེས་མ་ཚད་ཉེས་རྡུང་བཏང་ནས་རྐང་པར་ཡང་རྒྱུན་དུ་ནས་ན་ཟུག་གཏོང་གི་ཡོད་པའི་ཡ་ངའི་གནས་སྟངས་འོག་ལྷག་ཡོད་པ་རེད་འདུག