བོད་ཀྱི་འདས་དང་ད་ལྟ་དང་མ་འོངས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ།
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་བྱང་ཤར་ནུབ་སྦང་གྷལ་མངའ་སྡེའི་རྒྱལ་ས་ Kolkota རུ་བོད་ཀྱི་འདས་དང་ད་ལྟ་དང་མ་འོངས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ཐོག་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་གསུང་བཤད་གནང་ཡོད་པ་རེད།
- 2023-07-22
-
-
-
Your browser doesn’t support HTML5 audio
དེ་ཡང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རེས་གཟའ་སྤེན་པ་ཉིན་རྒྱ་གར་གྱི་གྲོང་འཁྱེར་ཀལ་ཀ་ཏའི་ནང་བརྟེན་གཞི་བྱས་པའི་ Ganasamannay ཞེས་པའི་ཚོགས་པ་དང་ University of Calcutta ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་ལྷོ་ཨེ་ཤི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་སྡེ་ཚན་གཉིས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་གི་གསུང་བཤད་གཙོ་བོ་གནང་མཁན་དུ་གདན་འདྲེན་ཞུས་ཡོད་འདུག གོང་ཞུས་བགྲོ་གླེང་གི་ཚོགས་འདུ་དེ་གོ་སྒྲིག་གནང་མཁན་ Ganasamannay ཞེས་པའི་ཚོགས་པ་དེའི་ནང་ཕྱག་ལས་གནང་མཁན་སྐུ་ཞབས་ Ruby Mukherjee ཞུ་བས། ང་ཚོའི་བགྲོ་གླེང་གི་ཚོགས་འདུའི་དམིགས་ཡུལ་གཙོ་བོ་དེ་བོད་མི་ཚོར་མང་ཚོགས་ཀྱི་གཟིགས་ཕྱོགས་དེ་ཡག་པོ་ཞིག་བཟོ་ཐབས་ཆེད་ཡིན། དེ་འདྲ་སོང་ཙང་ང་ཚོས་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པ་ཆེ་མཆོག་གི་དགོངས་གཞི་ཁག་ཀོལ་ཀ་ཏའི་མི་མང་རྣམས་ཀྱི་མཁྱེན་རྟོག་ཁྱབ་སྤེལ་ཡོང་ཆེད་གདན་ཞུ་ཕུལ་བ་ཡིན་ཞེས་གསུངས་པ་ The Telegraph Online བརྒྱུད་ལམ་གྱིས་ལུང་འདྲེན་་བྱས་འདུག ཡང་སྐུ་ཞབས་ Mukherjee ཡིས་འཛམ་གླིང་མི་མང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་ཧ་གོ་གི་ཡོད་པ་རེད། འོན་ཀྱང་མི་རྣམས་ཀྱིས་འདིའི་སྐོར་རྒྱུན་རིང་པོར་གླེང་སློང་མ་བྱས་པར་བརྟེན་མང་ཚོགས་ཀྱིས་དངོས་འབྲེལ་གྱི་གནས་ཚུལ་འདི་སེམས་ཀྱི་ནང་ནས་བརྗེད་སྲིད་ཉེན་ཡོད་པ་རེད། ང་ཚོས་དངོས་ཡོད་ཀྱི་གནས་ཚུལ་འདི་མཁྱེན་རྟོག་ཡོད་པ་ཞིག་བཟོ་གི་ཡིན་ཞེས་གསུངས་འདུག
ཁོང་གིས་མུ་མཐུད། རྒྱ་ནག་གཞུང་གིས་བོད་ནང་གི་གཏེར་ཁ་གང་བྱུང་བསྔོག་འདོན་བྱེད་པ་དང་ཁོང་ཚོས་བོད་མཐོ་སྒང་དུ་རྡུལ་ཕྲན་གོ་མཚོན་གྱི་སྙིགས་གསོག་འཇོག་བྱེད་པ་དང་ཡར་ཀླུང་གཙང་པོའི་སྟེངས་ཆུ་རག་རྒྱག་པ་སོགས་དངོས་ཡོད་ཀྱི་གནས་ཚུལ་ཁག་ངོ་སྤྲོད་དང་གོ་རྟོག་འཕེལ་བ་ཞིག་བཟོ་གི་ཡིན་ཞེས་གསུངས་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།