སང་གྷ་ལགས་སུ་ལོ་བརྒྱད་བཙོན་འཇུག་རྗེས་གློད་བཀྲོལ།

ཨ་མདོ་རྔ་བའི་སང་གྷ་ལགས་སུ་རྒྱ་ནག་གཞུང་གིས་ལོ་བརྒྱད་རིང་བཙོན་ཁང་དུ་བཅུག་སྟེ་ཕྱི་ཚེས་༡༢ཉིན་གློད་བཀྲོལ་བཏང་འདུག

སང་གྷ་ལགས་སུ་ལོ་བརྒྱད་བཙོན་འཇུག་རྗེས་གློད་བཀྲོལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བློ་བྷེ།

༄༅།    །བོད་ཀྱི་ཆབ་སྲིད་བཙོན་པ་ཨ་མདོ་རྔ་བའི་སང་གྷ་ལགས་སུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་ལུགས་ཉེས་འཛུགས་ཀྱིས་ལོ་བརྒྱད་རིང་བཙོན་ཁང་དུ་བཅུག་སྟེ།    ཁ་སང་སྤྱི་ཟླ་༨ཚེས་༡༢ཉི་མ་གློད་བཀྲོལ་བཏང་འདུག    དེ་ཡང་ཕ་ཡུལ་རྔ་བ་རྫོང་བར་མ་ཤང་ཐེའུ་ཆུང་ཧོར་ཚང་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སང་གྷ་ལགས་༢༠༠༨ཟླ་༨པའི་ནང་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་ཉེས་འཛུགས་འོག་ཉེན་རྟོག་པས་རྔ་པ་ཁུལ་གྱི་ཇ་ཁང་ཞིག་ནས་གློ་བུར་འཛིན་བཟུང་བཙན ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་འགྱུར་བའི་རྗེས་ ཟླ་བ་གཉིས་ཙམ་གྱི་རྗེས་རྔ་པ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་གསང་བའི་སྒོ་ནས་ཁོང་ལ་བཙོན་འཇུག་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་།  སྐབས་དེར་ཁོང་གི་སྐྱེས་མ་དང་དེ་མིན་ནང་མི་གཞན་གཉིས་ཐུག་ཕྲད་དུ་ཕྱིན་ཡོད་ཀྱང་།  ཁོང་ལ་ཁྲིམས་ཆད་བྱས་པའི་བརྒྱུད་རིམ་ཁ་གསལ་ཞིག་ཤེས་རྟོགས་བྱུང་མེད་པ་རེད།  སང་གྷ་ལགས་ད་རེས་བཙོན་དུས་ཚང་ནས་ཕྱི་ཟླ་༨ཚེས་༡༢ཉིན་ཟི་ཁྲོན་ཞིང་ཆེན་མན་ཡང་བཙོན་ཁང་ནས་གློད་བཀྲོལ་བཏང་སྟེ་ཚེས་༡༣ཉིན་ཕ་ཡུལ་རྔ་པ་རྫོང་ཐེའུ་ཆུང་སྡེ་བའི་རང་ཁྱིམ་དུ་འབྱོར་ཡོད་པ་རེད། །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org