ན་ནིང་ཕྱི་ཟླ་༡༠ པ་ནས་བཟུང་ད་བར་རྒྱ་ནག་དང་ཨ་རིའི་ཕྱི་སྲིད་བློན་ཆེན་དབར་བཀའ་བསྡུར་ཐེངས་དང་པོ་དེ་གནང་ཡོད་པ།

ཨིན་ཌོ་ནེ་ཤི་ཡའི་ནང G20་ཞེས་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༠ཤུའི་ལྷན་ཚོགས་ཀྱི་སྐབས་དང་བསྟུན་ཨ་རི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ངོས་མཇལ་གནང་ཡོད་པ།

ཨིན་ཌོ་ནེ་ཤི་ཡའི་ནང G20་ཞེས་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༠ཤུའི་ལྷན་ཚོགས་ཀྱི་སྐབས་དང་བསྟུན་ཨ་རི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ངོས་མཇལ་གནང་ཡོད་པ། ཨེ་ཨེཕ་པི།

དེའང་Reuters་གསར་འགྱུར་ནང་གནས་ཚུལ་སྤེལ་བ་ལྟར་ན་ད་རེས་ཨིན་ཌོ་ནེ་ཤི་ཡར་བྷ་ལི་གླིང་ཕྲན་ས་གནས་སུ། G20 ཞེས་པའི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༠ ཤུའི་ལྷན་འཚོགས་ཀྱི་སྐབས་སུ། ཨ་རིའི་སྐུ་ཚབ་ཚོས་ཡུག་རེན་གྱི་དམག་འཁྲུག་གི་གནད་དོན་ཐད་ར་ཤི་ཡར་གནོན་ཤུགས་སྤྲོད་རྒྱུའི་འབད་བརྩོན་གནང་གི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཟུར་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་Antony Blinken མཆོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དབར་གཟའ་སྤེན་པའི་ཉིན་ངོས་མཇལ་བཀའ་བསྡུར་བྱུང་ཡོད་པ་དེ་ནི། ད་ཕན་ཕྱི་ཟླ་༡༠ ནས་བཟུང་མཇལ་འཕྲད་བཀའ་བསྡུར་གནང་བ་ཐེངས་དང་པོ་དེ་ཡིན་པ་རེད་འདུག
དེར་བརྟེན་ད་རེས་ཚོགས་ཆེན་དེའི་སྐབས་སུ་རྒྱ་ནག་དང་ཨ་རིའི་དབར་ད་ཕན་མི་མཐུན་པའི་རྒྱུ་རྐྱེན་མང་པོ་ཞིག་དོ་སྣང་མ་བྱས་པར་སྣང་མེད་དུ་བཞག་པའི་གནད་དོན་མང་པོ་ཞིག་ཡོད་པ་དེ་ཚོ་བསམ་ཚུལ་འགྱུར་བ་གཏོང་རྒྱུ་ཡི་ཚུད་པའི་གནད་དོན་མང་པོ་ཞིག་གསལ་བཏོན་བྱས་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསར་འགོད་པར་གསུངས་བར་ང་ཚོ་ཨ་རི་དང་རྒྱ་ནག་གི་དབར་འགལ་རྐྱེན་གནད་དོན་མང་དག་ཅིག་ཡོད་པ་དེ་ཚོའི་ཐད་བཀའ་བསྡུར་ཞུ་རྒྱུ་མང་པོ་བསྡད་ཡོད་པར་བརྟེན་ང་ཚོས་གནད་དོན་དེ་ཚོ་དོན་འབྲས་གསོན་པ་ཞིག་ཡོང་ཐབས་སུ་ང་ཚོས་འབད་བརྩོན་ཞུ་བཞིན་ཡོད་ལུགས་གསུངས་འདུག
ཨ་ཪིའི་ཕྱོགས་ནས་གསལ་བཏོན་གནང་རྒྱུའི་གནད་དོན་གཙོ་བོ་ནི་རྒྱ་ནག་ལ་ཡུཀ་རེན་དམག་འཁྲུགས་དེའི་ཐོག་རྒྱ་ནག་གི་ཕྱོགས་ནས་ར་ཤི་ཡར་རོགས་རམ་བྱེད་རྒྱུ་མེད་པ་གསུང་རྒྱུ་དང་དེ་བཞིན་ཐེ་ཝན་གྱི་གནད་དོན། ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གིས་བདག་དབང་བཟུང་སྟེ་ཞི་བདེ་རྒྱ་མཚོའི་ནང་དུའང་རྒྱ་ནག་དབང་ཤུགས་རྒྱ་ཡན་དུ་སོང་བ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་དེ་བཞིན་ཨ་རི་དང་རྒྱ་ནག་དབར་ཚོང་ཁྲལ་གྱི་གནད་དོན་སོགས་ཀྱི་ཐད་བཀའ་བསྡུར་གནང་དགོས་ཀྱི་ཡོད་པ་རེད་འདུག
ཨ་རིའི་རྒྱ་ནག་ལ་བལྟ་སྟངས་ཀྱི་རྐྱེན་པས་ཨ་རིའི་དང་རྒྱ་ནག་གཉིས་དབར་གྱི་ཕྱི་འབྲེལ་དེ་བཞིན་ལམ་ནོར་བ་ཞིག་ལ་འཁྲིད་འགྲོ་སྲིད་པའི་ཉེན་ཁ་ཡོད་པའི་སྐོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་བརྗོད་འདུག
དེ་བཞིན་ད་རེས་ཀྱི་མཇའ་མོལ་དེ་བརྒྱུད་དེ་གཟའ་འཁོར་གཅིག་གཉིས་ནང་ཚུད་ཨ་རིའི་སྲིད་འཛིན་ཇོ་བྷཡེ་ཌེན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབར་བཀའ་བསྡུར་གནང་སྲིད་པའི་འབད་བརྩོན་གནང་བཞིན་ཡོད་ཐོག དེའི་ཐད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་ཀྱང་གསར་འགོད་འདུ་འཛོམས་སར་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་གནད་དོན་དེ་ཚོ་སྔ་རྒྱུན་ཞིག་དང་ཡང་དག་པའི་ལམ་བུ་ཞིག་གི་ཐོག་བསྐྱོད་ཐུབ་པའི་བཀའ་བསྡུར་གནང་དགོས་ངེས་ཡིན་ལུགས་གསལ་བཏོན་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་འདུག
གསར་འགོད་པ། བསྟན་འཛིན་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org