བལ་ཡུལ་དུ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི།

བལ་ཡུལ་ནང་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དམ་བསྒྲགས་ཆེན་པོའི་འོག་ཞུས་འདུག

༄༅༎བལ་ཡུལ་ནང་བོད་མི་ཚོས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུ་དོན་བཞིར་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་དམ་བསྒྲགས་ཆེན་པོའི་འོག་ཞུས་ཡོད་འདུག

རེས་གཟའ་ཟླ་བའི་ཉིན་བོད་མི་དང་བོད་མིར་དགའ་ཞེན་ཡོད་པའི་མི་སྟོང་ཕྲག་མང་པོ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་གྱི་དགོན་པ་ཞིག་གི་ནང་འདུ་འཛོམས་ཀྱིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་གནང་ཡོད་པ་མ་ཟད་རྒྱལ་ས་ཀཐ་མན་དྲུ་གཙོས་པའི་བལ་ཡུལ་གྱི་ས་ཁུལ་གཞན་མང་པོར་དགོན་སྡེ་ཁག་ནང་གོང་མཚུངས་མཛད་སྒོ་སྣ་ཚོགས་གོ་སྒྲིག་ཞུས་ཡོད་འདུག བོད་མི་ཚོས་དེ་ཉིན་བོད་རང་དབང་གི་ལས་འགུལ་རིགས་སྔོན་འགོག་ཆེད་དང་རྒྱ་ནག་གི་གནོན་ཤུགས་འོག་རྒྱ་ནག་གི་གཞུང་ཚབ་ཀྱི་ཉེ་འགྲམ་གྱི་ས་ཁུལ་སྦ་ལུ་ལྦ་ཊར་དང་ཧ་ཏི་སར་ནང་ཉེན་སྲུང་དམག་མི་ཆིག་སྟོང་ཙམ་འགྲེམས་འཇོག་བྱས་ཡོད་ལུགས་ཀན་ཏི་པུར་དྲ་རྒྱས་གནས་ཚུལ་སྤེལ་འདུག དགོན་སྡེ་ཁག་གིས་དགོན་པའི་ནང་ལ་དུས་ཆེན་སྲུང་བརྩིའི་བྱེད་སྒོ་བཀག་མེད་ཀྱང་དགོན་པའི་ཕྱི་རོལ་དུ་མི་མང་འདུ་འཛོམས་བྱེད་བཅུག་མིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org