གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རོགས།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉི་མོར་འཛམ་གླིང་ཁྱོན་ཡོངས་སུ་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཉི་མོ་ཞེས་སྲུང་བརྩི་ཞུ་དགོས་པའི་འབོད་བསྐུལ།

༄༅།    །དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དེ་རིང་ཚེས་༡༥ཉིན་སྤྱི་བསྒྲགས་ཤིག་སྤེལ་གནང་ཡོད་པ་དེའི་ནང་། བོད་ནང་ད་བར་བོད་མི་བདུན་བཅུ་དོན་གཉིས་ཙམ་ནས་རང་ལུས་མེར་སྲེག་བཏང་གནང་ཡོད་པའི་ཁོངས་སུ་བོད་མི་ལྔ་བཅུ་ང་དགུ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། དེ་ནི་བོད་ནང་ད་ལྟའི་ཆར་གནས་སྟངས་ཛ་དྲག་པོ་གང་འདྲ་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་པ་ཞིག་རེད། དེ་འདྲ་ཡིན་དུས་འཆར་ཟླའི་ཚེས་བཅུ་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉི་མོར་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་མི་ཚང་མས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་དུ་སྨོན་ལམ་གསོལ་འདེབས་དང་། མཆོད་མེ་ཕུལ་བ། དེ་བཞིན་མར་མེའི་ཁྲོམ་སྐོར་གོ་སྒྲིག་ཞུ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག དེ་དང་ཕྱོགས་མཚུངས་གོང་ཞུས་སྤྱི་བསྒྲགས་དེའི་ནང་མུ་མཐུད་ནས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་བོད་མི་ཚོར་རང་ལུས་མེར་སྲེག་གཏོང་བའི་ལས་འགུལ་འདི་ལྟ་བུ་མ་སྤེལ་རོགས་གནང་ཞེས་འབོད་སྐུལ་རིམ་པ་ཞུ་དང་ཞུ་བཞིན་ཡོད་ཀྱང་། གནས་ཚུལ་མུ་མཐུད་ནས་ཡོང་གི་འདུག དེ་འདྲ་ཡིན་དུས་རྒྱལ་སྤྱིའི་སྤྱི་ཚོགས་དང་།    འཛམ་གླིང་རྒྱལ་ཁབ་ཚོར་བོད་པའི་བདེན་མཐའ་སེལ་ཐབས་དང་། བོད་ནང་གི་བོད་མིའི་མངོན་འདོད་ལྟར་༧གོང་ས་མཆོག་བོད་ནང་ཕྱིར་ལོག་ཕེབས་ཐུབ་ཐབས། བོད་མི་ཚོར་རང་དབང་ཡོང་ཐབས་བཅས་ལ་བདེན་པའི་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞེས་འབོད་སྐུལ་གནང་ཡོད་པ་རེད།
ཕྱི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་དབུས་བོད་མིའི་སྒྲིག་འཛུགས་ནས་བོད་ནང་ད་བར་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་རྣམས་གཟུགས་མཐོང་བརྙན་པར་ཞིག་འགྲེམས་སྤེལ་གནང་རྒྱུ་ཡིན་ལུགས་ཀྱང་གོང་ཞུས་སྤྱི་བསྒྲགས་དེའི་ནང་འཁོད་འདུག    །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org