ཤར་པ་ཨ་པ་སླར་ཡང་ཇོ་མོ་གླང་མར་འཛེགས་འཆར།
རི་བོ་ཇོ་མོ་གླང་མོའི་རི་རྩེར་ད་བར་ཐེངས་མང་ཤོས་འཛེགས་ཐུབ་མཁན་ཤར་པ་ཨ་པ་སླར་ཡང་གངས་རིར་འཛེགས་རྒྱུའི་སྟ་གོན་བྱེད་བཞིན་པ་རེད།
-
2009-04-06 -
-
-
༄༅༎འཛམ་གླིང་ནང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་རི་རྩེར་ད་བར་ཐེངས་མང་ཤོས་འཛེགས་ཐུབ་མཁན་ཤར་པ་ཨ་པ་སླར་ཡང་གངས་རིར་འཛེགས་རྒྱུའི་སྟ་གོན་བྱེད་བཞིན་པ་རེད། ཤར་པ་ཨ་པ་དང་རོགས་པ་རྣམས་གངས་རི་ཇོ་མོ་གླང་མའི་རི་གཤམ་དུ་ཕྱི་ཟླ་ལྔ་པ་མ་ཤར་བར་གྲང་ངར་ཆེ་བ་དང་སྲོག་རླུང་དཀོན་པའི་གནམ་གཤིས་ལ་འདྲིས་སུ་འཇུག་ཆེད་གནས་སྡོད་བྱ་རྒྱུ་དང་དེ་ནས་རི་འཛེགས་འགོ་བཙུགས་བྱ་འཆར་ཡོད་པ་རེད། ཤར་པ་ཨ་པ་གངས་རི་ཇོ་མོ་གླང་མོའི་རི་རྩེར་ད་རེས་འཛེགས་རྒྱུར་ལམ་ལྷོངས་བྱུང་བ་ཡིན་ན་ཐེངས་བཅུ་དགུ་པ་དེ་ཆགས་ཀྱི་ཡོད་ཅིང་ཕྱི་ལོ་༡༩༨༩ལོ་ནས་བཟུང་ཤར་པ་ཨ་པ་ཇོ་མོ་གླང་མོར་ལོ་ལྟར་འཛེགས་ཡོད་པ་རེད། ཡང་འཛམ་གླིང་ནང་རི་བོ་ཇོ་མོ་གླང་མོར་འཛགས་ཐེགས་བཅོ་ལྔ་འཛེགས་མྱོང་ཡོད་མཁན་ཤར་པ་ཅིག་ཤོས་དེ་ནི་ཤར་པ་ཚེ་དབང་ཉི་མ་ལགས་ཡིན་པ་རེད། གངས་རི་ཇོ་མོ་གླང་མོའི་མཐོ་ཚད་ནི་མཐའ་ཡི་རྒྱ་མཚོ་ནས་ཕི་ཌི་ཉིས་ཁྲི་དགུ་སྟོང་བརྒྱ་མེད་བརྒྱད་ཅུ་གྱ་ལྔ་ཡོད་ཅིང་བལ་བོད་ས་མཚམས་དབྱེ་བའི་འཛམ་གླིང་གི་རི་བོ་མཐོ་ཤོས་དེ་ཡིན་པ་རེད། ཤར་པ་རྣམས་གངས་རི་ཇོ་མོ་གླང་མོའི་རི་རྒྱུད་དུ་གནས་ཤིང་ཆུང་དུས་ནས་རི་བོ་ཇོ་མོ་གླང་མོའི་རི་འཛེགས་པའི་དོ་བོ་འོར་འདྲེན་གྱི་ངལ་རྩོལ་རྒྱུགས་ཀྱི་ཡོད་པས་རི་འཛེགས་ལ་འདྲིས་ཆེན་པོ་ཡོད་པ་རེད།