སྲིད་སྐྱོང་ནས་རྒྱ་གར་གྱི་དགེ་ལས་སློབ་ཕྲུག་ལ་གསུང་བཤད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ Rabindranath Barthakurགི་རྗེས་དྲན་མཛད་སྒོའི་ནང་མཉམ་ཞུགས་གནང་འདུག
-
2017-11-03 -
-
-
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་Rabindranath Barthakur རྗེས་དྲན་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཆེད་ཕྱི་ཚེས་ ༢ ཉིན་ཨ་སམ་མངའ་སྡེའི་རྒྱལ་ས་གུ་ཝཱ་ཧཱ་ཊི་ཕེབས་ཡོད་ཅིང་། ཉིན་དེའི་དགོང་དྲོ་བྷ་ལི་པ་ར་ཐེབས་རྩ་ཁང་ནས་སྲིད་སྐྱོང་མཆོག་ལ་གསོལ་ཚིགས་འདེགས་འབུལ་ཞུས་པ་དང། སྐབས་དེར་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་། དུད་འགྲོ་སྲུང་སྐྱོབ་ཚོགས་པ། དེ་བཞིན་སྙན་ངག་མཁན་དང་རྩོམ་པ་པོ་སོགས་སྐུ་མགྲོན་བརྒྱ་ཕྲག་བརྒལ་བ་ཕེབས་ཡོད་པ་རེད།
ཕྱི་ཚེས་ ༣ ཉིན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༧ ལོའི་བྷར་ཋཱ་ཀུར་རྗེས་དྲན་མཛད་སྒོའི་ཐོག་གུ་ཝཱ་ཧཱ་ཊི་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཡོངས་ལ་འཕགས་བོད་གཉིས་ཀྱི་མ་འོངས་མདུན་ལམ་སྲ་བརྟན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བཞག
བྷ་ལི་པ་ར་ཐེབས་རྩ་ཁང་ནི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེའི་དམིགས་ཡུལ་ནི་ཤར་ཧི་མཱ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡར་རྒྱས་བཏང་གནང་ཡག་དེ་ཡིན་པ་དང། ཐེབས་རྩ་ཁང་དེ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ Ranjit Barthakur ནི་ཨ་སམ་མངའ་སྡེའི་ནང་གི་བཟོ་གྲྭའི་བདག་པོ་ཆེ་གྲས་ཤིག་ཡིན་པ་མ་ཟད། རང་བྱུང་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་ཞིག་ཀྱང་རེད་འདུག