སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་གཉིས་ཀྱིས་ཨ་རིའི་བདམས་ཐོན་སྲིད་འཛིན Trump ལ་འཚམས་འདྲི་གནང་འདུག

2024.11.08
སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་གཉིས་ཀྱིས་ཨ་རིའི་བདམས་ཐོན་སྲིད་འཛིན Trump ལ་འཚམས་འདྲི་གནང་འདུག
སྒྲིག་བཟོ། ནོར་སྡེ།
ཟླ་བ་ ༡༡ ཚེས་ ༠༨ ཉིན་འཚམས་འདྲིའི་གསུང་འཕྲིན་དེའི་ནང་།  ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཨ་རིའི་སྲིད་འཛིན་བཞི་བཅུ་ཞེ་བདུན་པར་བདམས་ཐོན་བྱུང་བར་སྐུ་ཉིད་དང་སྲིད་འཛིན་གཞོན་པ་སྐུ་ཞབས་ཇེ་ཌི་ཝན་སི་ (J.D. Vance) ལགས་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། དུས་སྐབས་དཀའ་ངལ་ཅན་འདིའི་སྐབས་སུ། ཨ་རིའི་དབུ་ཁྲིད་ལམ་སྟོན་འོག་འཛམ་གླིང་གི་དཀའ་ངལ་སེལ་ཐབས་དང་། འཛམ་གླིང་བརྟན་ལྷིང་ཡོང་བའི་གཞི་རྩ་སྟེ། ཞི་བདེ་དང་། དཔལ་འབྱོར་འཕེལ་རྒྱས། ཁྲིམས་ཀྱི་དབང་བསྒྱུར་སྲུང་སྐྱོབ་བྱེད་པར་གལ་ཆེའི་ནུས་པ་མུ་མཐུད་འདོན་ཐུབ་ངེས་རེད། 
ཡང་མཚམས་འདྲི་ཡི་གེ་དེའི་ནང་།  ལོ་ངོ་བཅུ་ཕྲག་མང་པོའི་རིང་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་དང་། སྲིད་གཞུང་རིམ་པས་བོད་དོན་ཐོག་སྲིད་བྱུས་བརྟན་བཟུང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པས། ང་ཚོས་ཨ་རི་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་དང་། མཐར་ཁོང་གིས་ཨ་རིའི་སྲིད་འཛིན་གསར་པའི་དབུ་ཁྲིད་འོག་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་ཐུགས་རེ་ཡོད་པ་གསུངས་ཡོད་ཞེས་བཀོད་འདུག 
ཡང་སྤྱི་འཐུས་ཚོགས་གཙོ་མཁན་ཕོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས X སྤྱི་ཚོགས་བརྒྱུད་ལམ་ཐོག་འཚམས་འདྲི་གནང་ཡོད་པའི་ནང་། སྐུ་ཞབས་Trump ལ། ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུ། སྐུ་ཉིད་ཀྱིས་བོད་མི་ཚོར་འཛམ་གླིང་ཞི་བདེའི་ཆེད་དུ་མུ་མཐུད་རྒྱབ་སྐྱོར་དང་མཛའ་བརྩེ་གནང་བར་རེ་བ་ཞུ་བཞིན་ཡོད། མི་མང་གི་བདེ་དོན་གོང་སྤེལ་དང་།  མ་འོངས་འོད་ཟེར་ལྡན་པའི་ཕྱོགས་སུ་འཁྲིད་པའི་འབད་བརྩོན་ལ་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།  ཞེས་བཀོད་འདུག
ཕྱི་ཚེས་ ༥ ཉིནཨ་རིའི་ནང་རྒྱལ་ཡོངས་སུ་སྲིད་འཛིན་འོས་བསྡུ་གནང་ནས་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་Donald Trump ལ་ཨ་མི་རི་ཀའི་རྒྱལ་ཡོངས་ Electoral College ཞེས་པའི་སྲིད་འཛིན་འོས་བསྡུའི་ཆེད་ཀྱི་འོས་འཕེན་པའི་ཚོགས་ཆུང་གི་འོས་ཤོག་ཐོབ་ཁོངས་ནས་འོས་གྲངས་ ༢༩༥ ཐོབ་ནས་ཁོང་ཨ་མི་རི་ཀའི་སྲིད་འཛིན་ཐེངས ༤༧ པར་འདེམས་ཐོན་བྱུང་འདུག  ཁོང་གི་འགྲན་ཡ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྩམ་ Kamala Harris ལ་འོས་འཕེན་པའི་ཚོགས་ཆུང་གི་ཐོབ་ཁོངས་ནས་འོས་གྲངས་ ༢༢༦ ལས་ཐོབ་གནང་མེད་པ་རེད། ཨ་རིའི་མངའ་སྡེ་གཉིས་ཀྱི་ནང་ད་དུ་ཡང་་མུ་མཐུད་དུ་འོས་ཤོག་གྲངས་བཤེར་གནང་བཞིན་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་ལ་བདམས་ཐོན་བྱུང་བའི་སྐུ་ཞབས་ Donald Trump ནི་ཨ་མི་རི་ཀའི་སྲིད་འཛིན་ལས་ཐོག་ ༤༧ དེ་ཆགས་རྒྱུ་ཡིན་པ་དང་ཁོང་ནི་ཨ་མི་རི་ཀའི་ལོ་རྒྱུས་ནང་ཕྱི་ལོ་ ༡༨༩༢ ལོར་སྲིད་འཛིན་དམ་པ་ Grover Cleveland གི་རྗེས་ནས་སྲིད་འཛིན་ཞིག་ལ་འོས་ཤོག་ཚར་གཅིག་ཤོར་བའི་རྗེས་བསྐྱར་དུ་འོས་ཤོག་ཐོབ་གནང་མཁན་གཉིས་པ་དེ་ཆགས་ཡོད་པ་རེད་ལ།   ཨ་མི་རི་ཀའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་སྐུ་ཞབས་ Donald Trump གིས་ཨ་མི་རི་ཀའི་དབུས་གཞུང་ནང་འགྱུར་བ་ཤུགས་ཆེ་གཏོང་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད་ཕྱི་འབྲེལ་སྲིད་ཇུས་ཐོག་ལ་ཡང་འགྱུར་བ་ངེས་ཅན་ཞིག་ཐེབས་རྒྱུ་ཡིན་པའི་སྐོར་སོགས་གནས་ཚུལ་ནང་བཀོད་འདུག  
གསར་འགོད་པ། དཔལ་ལྡན་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎