བོད་ནང་ཕྱི་ཕྱོགས་ཀྱི་གནས་ཚུལ་ཉན་ན་འཛིན་བཟུང་བྱེད་ཀྱི་ཡོད།

བོད་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་ཕྱི་ཕྱོགས་སུ་དངུལ་ཞལ་འདེབས་སྤྲད་པ་དང་གནས་ཚུལ་བརྒྱུད་བཀུར་བྱེད་མཁན་ཐོག་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

དམག་མིའི་ལྟ་ཞིབ་འོག་ཡོད་པའི་བོད་ཀྱི་རྒྱལ་ས་ལྷ་ས། ཨེ་ཨེཕ་པི།

བོད་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་ཕྱི་ཕྱོགས་སུ་དངུལ་ཞལ་འདེབས་སྤྲད་པ་དང་གནས་ཚུལ་བརྒྱུད་བཀུར་བྱེད་མཁན་ཐོག་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

དེ་ཡང་བོད་ནས་མིང་འདོན་གནང་འདོད་མེད་པའི་མི་སྣ་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། བོད་ནང་ཕྱི་ཕྱོགས་ཀྱི་གནས་ཚུལ་ཉན་པ་དང་ལྷག་པར་དུ་གནས་ཚུལ་དེ་ཚོ་ཕན་ཚུན་བརྒྱུད་བཀུར་བྱེད་པའི་རིགས་ཤེས་རྟོགས་བྱུང་བ་ཡིན་ན་ལམ་སེང་འཛིན་བཟུང་བྱེད་ཀྱི་ཡོད་ལུགས་གསུངས་ཀྱི་འདུག                དེ་དང་ཕྱོགས་མཚུངས་ཁོང་གིས་མུ་མཐུད་ནས་གསུངས་ན།   བོད་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་དྲ་ཐོག་ཞལ་འདེབས་རོགས་དངུལ་སོགས་གཏོང་ལེན་བྱེད་མཁན་ཚོའི་ཐོག་ལའང་དམ་དྲག་གིས་གཞུང་གི་ལས་བྱེད་ཡིན་ན་ལས་ཀ་ནས་ཕྱིར་འབུད་བྱས་པའམ་ཡང་ན་གོ་གནས་ཕབ་པ།                དེ་བཞིན་གླ་ཕོགས་བཅག་པ་སོགས་བྱེད་ཀྱི་ཡོད་པའི་སྐོར་གསུངས་གི་འདུག

གང་ལྟར་བོད་ཁྱོན་ཡོངས་སུ་རྒྱ་ནག་གཞུང་ནས་བོད་མི་ཚོའི་ཕར་འགྲོ་ཚུར་འོང་གི་འགྲུལ་བཞུད་ཐོག་དམ་དྲག་བྱེད་པ་དང་། སྤྱི་ཚོགས་དྲ་ལམ་བརྒྱུད་ཕ་མ་སྤུན་ཉེའི་དབར་བརྡ་ལན་སྤྲོད་རེས་བྱེད་པའི་རིགས་ལའང་སོ་ལྟ་དང་དམ་དྲག་བྱེད་ཀྱི་ཡོད་པ་རེད།   གནས་སྟངས་འདི་འདྲའི་འོག་དམིགས་བསལ་རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་ཕ་མ་སྤུན་ཉེ་བོད་ནང་ཡོད་མཁན་ཚོ་དང་ཕན་ཚུན་འབྲེལ་བ་བྱ་རྒྱུ་ཕར་བཞག་ད་ཆ་ཕྱི་རྒྱལ་ནས་དངུལ་བཀུར་རྒྱུ་སོགས་ལའང་དམ་དྲག་སྔར་ལྷག་བྱེད་ཀྱི་ཡོད་པར་བློ་འཚབ་ཆེན་པོ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org