རང་ལུས་མེར་སྲེག་གནང་མཁན་ཚོར་དམིགས་ནས་མཆོད་འབུལ།

ཁ་སང་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བདུན་ཕྲག་འདིའི་ནང་བོད་དུ་སྐུ་ལུས་མེར་སྲེག་བཏང་གནང་མཁན་བོད་མི་གཉིས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་གནང་འདུག

༄༅།    །དཔལ་རྒྱལ་བ་ཀརྨ་པ་མཆོག་གི་དབུ་བཞུགས་ཐོག    བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་དང༌།    བཀའ་བློན་རྣམ་པ།    དེ་བཞིན་བོད་མི་སྟོང་ཕྲག་འགལ་བས་ཁ་སང་གི་མཆོད་འབུལ་དེའི་ནང་མཉམ་བཞུགས་གནང་ཡོད་པ་རེད།    རེས་གཟའ་ཟླ་བའི་ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་སྐུ་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་ཉིན་ད་གའི་མཚན་མོ་འབར་ཁམས་ཁུལ་གྱི་སྨན་ཁང་ནང་སྐུ་ཚེ་རྫོགས་ཡོད་པ་རེད།
ད་གའི་ཉིན་རྗེས་མ་རེས་གཟའ་མིག་དམར་ཉིན་མདོ་སྨད་ཀན་ལྷོ་གཙོད་གྲོང་ཁྱེར་དུ་
སྒྲོལ་དཀར་འཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང༌། བོད་ནང་རང་དབང་མེད་པའི་སྐད་འབོད་གནང་ནས་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org