ཤི་རི་ལང་ཀའི་ཞི་བའི་མི་མང་སྐྱབས་བཅོལ་དུ་འགྲོ་ཐུབ་ཡོད་པ།

ཤི་རི་ལང་ཀའི་དམག་འཁྲུག་ནང་ཚུད་པའི་ཞི་བའི་མི་མང་སྟོང་ཕྲག་དྲུག་བཅུ་ལྷག་དམག་འཁྲུག་བྱ་ཡུལ་གྱི་ས་ཁུལ་ནས་ཕྱིར་ཐོན་ཐུབ་པའི་སྐོར།

༄༅༎ཤི་རི་ལང་ཀའི་གཞུང་དང་ཊ་མིལ་སྟག་གི་འཇབ་དམག་སྒྲིག་འཛུགས་དབར་གྱི་དམག་འཁྲུག་ནང་ཚུད་པའི་ཞི་བའི་མི་མང་སྟོང་ཕྲག་དྲུག་བཅུ་ལྷག་དམག་འཁྲུག་བྱ་ཡུལ་གྱི་ས་ཁུལ་ནས་ཕྱིར་ཐོན་ཐུབ་པའི་སྐོར་ཤི་རི་ལང་ཀའི་རྒྱལ་ས་ཀོ་ལོམ་སྦོ་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་གོར་ཌེན་ལྦའེ་སེ་ཡིས་གསུངས་ཡོད་པ་རེད།

ཤི་རི་ལང་ཀའི་གཞུང་གིས་ད་རེས་ཉིན་ཤས་གོང་མེ་འཕེན་མཚམས་འཇོག་གིས་ཊ་མིལ་སྟག་གྱེན་ལོག་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོར་མགོ་སྒུར་དགོས་པའི་སྐུལ་སློངས་ལ་དང་ལེན་མ་བྱུང་བའི་རྗེས་ཊ་མིལ་སྟག་གྱེན་ལོག་སྒྲིག་འཛུགས་ཀྱི་དམག་དཔུང་ལ་མུ་མཐུད་དམག་འཐབ་བྱ་འགོ་ཚུགས་ཡོད་པ་དང་གཞུང་གི་དམག་དཔུང་གིས་ཊ་མིལ་གྱེན་ལོག་སྒྲིག་འཛུགས་ཀྱི་ས་ཕུང་གི་ར་བ་ཆེན་པོ་བཟོས་ཏེ་ཡོད་པ་དེ་གཏོར་རྒོལ་ཐུབ་པའི་རྗེས་ཁུལ་དེར་ཡོད་པའི་ཞི་བའི་མི་མང་སྟོང་ཕྲག་མང་པོ་ཆུ་རག་གས་པར་ལྟར་ཕྱིར་སྐྱབས་བཅོལ་ཐོན་འགོ་བཙུགས་ཡོད་པར་ད་ལྟ་རོགས་སྐྱོར་ཚོགས་པ་ཁག་ཅིག་གིས་དམག་ས་ནས་བྲོས་བྱོལ་འབྱོར་བའི་སྐྱབས་བཅོལ་མི་མང་གི་གྲངས་འབོར་དེ་ཆིག་འབུམ་བརྒལ་འགྲོ་ཡི་ཡོད་པ་དང་སྐྱབས་བཅོལ་མི་མང་ལ་བཟའ་བཅའ་དང་སྨན་བཅོས་ཀྱི་མཚོན་ཛ་དྲག་གི་རོགས་སྐྱོར་ཤུགས་ཆེ་ཞིག་དགོས་མཁོ་གྱུར་ཡོད་པ་གསུངས་ཀྱི་ཡོད་པ་རེད།

ཤི་རི་ལང་ཀའི་གཞུང་གི་དམག་དཔུང་གིས་ཊ་མིལ་གྱེན་ལོག་པ་རྣམས་ས་གཞིའི་རྒྱ་ཁྱོན་མེ་ལེ་ལྔ་ཙམ་གྱི་ནང་མཐའ་བསྐོར་བྱེད་བཞིན་ཡོད་པ་དང་དེ་རིང་དམག་འཁྲུག་གི་ནང་ཊ་མིལ་གྱེན་ལོག་སྒྲིག་འཛུགས་ཀྱི་འགོ་ཁྲིད་མཐོ་གྲས་གཉིས་ཀྱིས་གཞུང་གི་དམག་དཔུང་ལ་མགོ་བཏགས་ཞུས་ཡོད་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org