གསར་འགྱུར་ཡིག་ཚགས།
2023-10-05
རྒྱ་ནག་ནི་བསྟུད་མར་ལོ་དགུའི་རིང་འཛམ་གླིང་ནང་རང་དབང་གི་གནས་སྟངས་ཆེས་སྡུག་ཤོས་མཐའ་མ་དེ་ཡིན་པ་ཨ་མི་རི་ཀའི་རང་དབང་ཁང་པས་༢༠༢༣ལོའི་དྲྭ་གནས་རང་དབང་གནས་སྟངས་སྐོར་གྱི་སྙན་ཐོའི་ནང་གསལ་འདུག
2023-10-05
དཔེ་དབེ་འདིའི་ནང་ཁྱོན་དཔྱད་རྩོམ་༢༠ཡོད་པའི་ནང་ནས་རྒྱ་ཡིག་གི་རྩོམ་ཡིག་༡༦དང་། དབྱིན་ཡིག་གི་རྩོམ་ཡིག ༣ དེ་བཞིན་ཀོ་རེ་ཡའི་སྐད་ཡིག་གི་རྩོམ་ཡིག་གཅིག་བཅས་ཡོད་འདུག
2023-10-04
ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་བཞུགས་སྒར་རྡ་རམ་ས་ལར་གཟིགས་སྐོར་དང་བོད་མིའི་འཐབ་རྩོད་དང་འཚོ་བའི་གནས་སྟངས་སོགས་ལ་རྒྱུས་ལོན་རྟོག་ཞིབ་གནང་བཞིན་འདུག
2023-10-04
བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༢༣་ལོའི་ནོ་སྦེལ་སྨན་གྱི་གཟེངས་རྟགས་ཐོབ་མཁན་གཉིས་ལ་འཚམས་འདྲི་མཛད་གནང་འདུག
2023-10-04
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༠བའི་ཚེས་༡༦ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་འདུག
2023-10-04
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གཙོས་རྒྱ་རིགས་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་བ།
2023-10-03
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་གྲངས་མང་མང་གཙོ་ཚོགས་པའི་དབུ་ཁྲིད་དང་འཐུས་མི་ཁག་ཅིག་ལས་གྲུབ་པའི་ཚོགས་ཆུང་ཞིག་བདུན་ཕྲག་རྗེས་མར་རྒྱ་ནག་ནང་ཕེབས་འཆར་འདུག
2023-10-03
རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ནང་གི་དགོན་སྡེ་ཁག་ཏུ་རྒྱལ་དར་བསྒྲེངས་འཛུགས་སོགས་བཙན་ཐབས་ཀྱིས་སྲུང་བརྩི་བྱེད་བཅུག་ཡོད་འདུག
2023-10-03
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བྷ་ར་ཛིལ་གྱི་སའོ་པོ་ལོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་མཇལ་མོལ་གནང་འདུག
2023-10-02
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྡི་ལིར་ཨའོསི་ཊིརི་ཡ་དང་ཇར་མན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་རྗེས་ད་ལྟ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག
2023-10-02
རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བའི་ཉིན་རྒྱ་གར་དང་ཨ་རི་སོགས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་དང་ཡུ་གུར་སོགས་རང་དབང་འཐབ་རྩོད་པ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག
2023-10-02
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མི་རིང་བར་རྒྱ་གར་ནུབ་བྷང་གྷལ་མངའ་སྡེའི་གྲོང་ཁྱེར་ས་ལུ་སྒར་ནང་རྟེན་གཞི་བྱས་པའི་དཔལ་ལྡན་སྲད་རྒྱུད་མ་དགོན་གྲྭ་ཚང་དུ་ཆིབས་སྒྱུར་གྱིས་ཆོས་འབྲེལ་སྩལ་རྒྱུ་ཡིན་པར་ས་གནས་སུ་གྲ་སྒྲིག་གནང་བཞིན་འདུག
2023-10-02
དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། སངས་རྒྱས་གོ་འཕང་ཐོབ་བྱེད་ཀྱི་ལམ་ཉམས་སུ་ལེན་དགོས་པ་དང་། ཐོབ་བྱེད་ཀྱི་ལམ་ཉམས་སུ་ལེན་པ་ལ། ཐོག་མ་ཤེས་དགོས་པ་དང་། དེ་ནས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་རིམ་བཞིན་སྔོན་དུ་འགྲོ་དགོས་པ་གསུངས་གནང་སོང་།
2023-10-01
ད་ལན་ཐེ་ཝན་གསུང་ཆོས་ཉིན་དང་པོ་དང་གཉིས་པ་གཉིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་གནང་གཏན་འཁེལ་ཡོད་པ་ཀུན་གྱིས་ཐུགས་འཇགས་ཡོང་བའི་གསལ་བསྒྲགས་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གནང་འདུག
2023-09-30
ཡུན་རིང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་༸གོང་ས་མཆོག་ལ་ཐུགས་འདྲེས་ཆེན་པོ་ཡོད་པ། ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ལྕམ་Dianne་Feinsteinལགས་དགོངས་པ་རྫོགས་པར། ཁོང་གི་ནང་མི་ཚོར་༸གོང་ས་མཆོག་གིས་ཐུགས་གསོའི་བཀའ་ཡིག་སྩལ་ཡོད་པ།