ལྕམ་ཨང་སན་སུའུ་ཀིས་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུགས།
འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པ་ཕྱིར་བསྡུ་བྱས་བཅུག་པའི་གནད་དོན་དེ་འབར་མའི་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུག་བྱ་རྒྱུ་ཡིན་སྐོར།
-
2010-11-26 -
-
-
༄༅༎འབར་མའི་དྲག་པོའི་གཞུང་གིས་ལྕམ་ཨང་སང་སུ་ཅིས་དབུ་འཁྲིད་པའི་རྒྱལ་ཡོངས་མང་གཙོ་ཚོགས་པ་ཕྱིར་བསྡུ་བྱས་བཅུག་པའི་གནད་དོན་དེ་འབར་མའི་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུག་བྱ་རྒྱུ་ཡིན་པའི་སྐོར་ལྕམ་ཨང་སང་སུ་ཅིའི་ཁྲིམས་རྩོད་པས་གསུངས་འདུག།
འབར་མའི་དྲག་པོའི་གཞུང་གིས་འདི་ལོ་ལོ་ངོ་ཉི་ཤུའི་རྗེས་ཀྱི་རྒྱལ་ཡོངས་འོས་བསྡུ་ཐེངས་དང་པོ་མ་གཉེར་གོང་ལྕམ་ཨང་སང་སུ་ཅི་འོས་བསྡུའི་འགྲན་བསྡུ་ནས་འགོག་ཐབས་སུ་དམིགས་ཏེ་ ཁོང་གི་ཆབ་སྲིད་ཚོགས་པ་རྒྱལ་ཡོངས་མང་གཙོ་ཚོགས་པ་ཕྱིར་བསྡུ་བྱས་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད།
ཁོང་གི་ཁྲིམས་རྩོད་པ་ཉན་ལྦིན་གྱིས་ལྕམ་ཨང་སང་སུ་ཅི་མཆོག་ནས་གནད་དོན་འདིའི་ཐད་ཁྲིམས་ཁང་གི་ཞུ་གཏུག་མཐར་ཕྱིན་པ་བྱེད་དགོས་པའི་སློབ་སྟོན་གནང་པ་ལྟར་ ཆེས་མཐོའི་ཁྲིམས་ཁང་ནང་དོན་གནད་འདི་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་གསུངས་འདུག།
འོན་ཀྱང་གཟའ་ཟླ་བའི་ཉིན་ཆེས་མཐོའི་ཁྲིམས་ཁང་ནས་ལྕམ་ཨང་སང་སུ་ཅིའི་ཞུ་གཏུག་རྩིས་ལེན་མེད་ལ་ དེ་བཞིན་དྲག་པོའི་གཞུང་གིས་ཁོང་གི་སྲིད་དོན་ཚོགས་པ་ཕྱིར་བསྡུ་བྱེད་དགོས་རྒྱུའི་བཀའ་རྒྱ་བཏང་རྗེས་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་གནང་ཐབས་གནང་ཡང་ལམ་ལྷོངས་བྱུང་མེད་པ་རེད།
སྤྱིར་བཏང་ད་ལྟའི་དྲག་པོའི་དབང་འཛིན་འོག་ཡོད་པའི་སྦར་མའི་ཡུལ་གྲུ་དེའི་ནང་ དྲག་པོའི་དབང་འཛིན་པ་ཚོས་མོས་མཐུན་དང་རྒྱབ་སྐྱོར་མེད་པའི་གྱོད་གཞིའི་རིགས་ལ་ཁྲིམས་ཐོག་ནས་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཧ་ལམ་མེད་པ་ཞིག་ཏུ་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།།