འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ།

སི་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་རྒྱུ་ཕྱིར་འཐེན་བྱས་ཡོད་འདུག

༄༅༎སི་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་རྒྱུ་ཕྱིར་འཐེན་བྱས་ཡོད་འདུག

རྒྱལ་ཁབ་ནང་གཞུང་ལ་ངོ་རྒོལ་དང་ཟིང་ཆ་ཡོད་བཞིན་པའི་གནས་སྟངས་འོག་ནས་རྒྱལ་སྤྱིའི་ཐོག་ནས་སི་རི་ཡའི་གཞུང་ལ་སྐྱོན་བརྗོད་དང་གནོན་ཤུགས་ཆེན་པོ་ཡོང་གི་ཡོད་པ་སོགས་ལ་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་རྒྱུར་སི་རི་ཡ་ཕྱིར་འཐེན་བྱེད་ཀྱི་ཡིན་ཞེས་ཡུལ་དེའི་རྒྱལ་ཚོགས་ནང་གི་སྐུ་ཚབ་བྷ་ཤར་ ཇ་ཕ་རིས་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་ཚོགས་འདུ་ཞིག་ཏུ་གསུངས་ཡོད་པ་རེད། ཁོང་གིས། ང་ཚོའི་གཞུང་ནས་གནས་སྐབས་ལོ་གཉིས་རིང་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་རྒྱུའི་འགྲན་བརྩོད་ནང་བཞུགས་རྒྱུ་མིན་པི་ཐག་ཆོད་གནང་ཡོད་རེད། དེ་ནི་དུས་ཚོད་འགྱངས་པ་ཞིག་ལས་རྩ་བ་ནས་ཕྱིར་འཐེན་བྱེད་ཀྱི་ཡིན་ཞེས་ཟེར་གྱི་ཡོད་མ་རེད་ཅེས་གསལ་བཤད་གནང་ཡོད་འདུག ད་ཆ་སི་རི་ཡ་ཕྱིར་འཐེན་བྱེད་ཀྱི་ཡོད་པའི་ཚབ་ཏུ་ཀུ་ཝེཏ་ནས་འགྲན་རྩོད་བྱེད་རྒྱུ་ཡིན་འདུག

ད་རེས་སི་རི་ཡའི་གཞུང་ནས་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་ཀྱི་འགྲན་བརྩོད་ནང་མཉམ་ཞུགས་བྱེད་རྒྱུ་མིན་ལུགས་གསུངས་པ་དེར་ཨ་རི་དང་གཞན་ཡང་ནུབ་ཕྱོགས་རྒྱལ་ཁབ་མང་པོས་འོས་ཤིང་འཚམས་པ་ཞིག་ཡིན་པའི་དགོངས་ཚུལ་གསུངས་ཡོད་པ་རེད།

ཁོང་རྣམས་ནས་ད་ལྟའི་སི་རི་ཡའི་གཞུང་གིས་མང་ཚོགས་ཐོག་དྲག་གནོན་བྱེད་པའི་གནས་སྟངས་འོག་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱས་པ་ཡིན་ནའང་རྒྱལ་ཁ་འཐོབ་རྒྱུའི་རེ་བ་མེད་པའི་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན་ལུགས་གསུངས་ཡོད་པ་རེད། སི་རི་ཡའི་ནང་ཉེ་བའི་དུས་སུ་མི་མང་ནས་སྒེང་ལངས་བྱེད་པ་དང་དེར་གཞུང་ཕྱོགས་ནས་དྲག་གནོན་བྱེད་པའི་གནས་ཚུལ་བྱུང་ཡོད་པ་དེར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org