ཐེ་ལྦན་སྲིད་འཛིན་ཟུར་པར་བསྐྱར་དུ་ཁྲིམས་གཏུགས་བྱེད་འཆར།
ཐེ་ལྦན་གཞུང་གི་ཁྲིམས་བཏུགས་པས་བསྐྱར་ཏུ་སྲིད་འཛིན་ཟུར་པར་ཞུ་བཏུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
-
2010-11-07 -
-
-
༄༅༎ཐེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུ་བེན་གྱིས་དངུལ་ཁང་གཉིས་ནས་ལྐོག་ངན་ལེན་པའི་ཉེས་བཙུགས་བྱས་པ་དེར་ཐེ་ལྦན་ཁྲིམས་ཁང་ནས་ནག་ཉེས་མེད་པའི་ཐག་གཅོད་བྱས་པར་བརྟེན་ནས་ཐེ་ལྦན་གཞུང་གི་ཁྲིམས་བཏུགས་པས་བསྐྱར་ཏུ་ཞུ་བཏུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
རེས་གཟའ་པ་སངས་ཉིན་ཐེ་ལྦན་གྱི་རྒྱལ་ས་ཐའེ་ཕེ་ཡི་མངའ་སྡེའི་ཁྲིམས་ཁང་ནས་སྲིད་འཛིན་ཟུར་པ་ཁྲེན་ཧྲུ་བེན་གྱིས་དངུལ་ཁང་གཉིས་ནས་ལྐོག་ངན་ཐེ་ལྦན་གྱི་དངུལ་ས་ཡ་༦༠༠འམ་ཨ་རིའི་ཌོ་ལར་གྱི་འཛའ་ཐང་བྱས་ན། ཌོ་ལར་ས་ཡ་༢༠ལེན་པའི་ནག་ཉེས་ཁྲིམས་ཁང་དུ་ཞུ་གཏུགས་བྱས་པ་དེར་ཁྲིམས་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་ཁོང་གིས་ལྐོག་ངན་ལེན་པའི་ར་སྤྲོད་འཕེལ་བའི་དཔངས་རྟགས་གང་ཡང་མཐོང་རྒྱུ་མིན་འདུག་ཅེས་གསུང་སྟེ། ཁྲེན་ཧྲུ་བེན་ལ་ཉེས་པ་མེད་པའི་ཐག་གཅོད་གནང་བར་བརྟེན་ནས། དེ་རིང་རེས་གཟའ་ཉི་མའི་ཉིན་ཁྲེན་ཧྲུ་བེན་གྱི་ལྐོག་ངན་ལེན་པའི་ནག་ཉེས་ཁྲིམས་ཁང་དུ་ཞུ་བཏུགས་བྱེད་མཁན་ཐེ་ལྦན་གཞུང་གི་ཁྲིམས་བཏུགས་པའི་མགྲིན་ཚབ་པ་རུས་མིང་ཁྲེན་ཟེར་བས་གསར་འགོད་པར། གཞུང་གི་ཁྲིམས་བཏུགས་པ་ཚོས་ཁྲིམས་ཁང་གི་ཐག་གཅོད་ལ་ངོས་ལེན་ཞུ་ཐབས་མེད་པ་དང༌། གང་མགྱོགས་ཞུ་བཏུགས་བསྐྱར་དུ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།