ཐའེ་ལྦན་གྱིས་དམག་སྦྱོང་སྐབས་དངོས་སུ་མེ་འཕེན་མི་བྱེད་རྒྱུ།
ཐའེ་ལྦན་གྱི་བདེ་སྲུང་ལྷན་ཁང་གིས་ཡུལ་ནང་ལོ་ལྟར་བྱེད་བཞིན་པའི་དམག་སྦྱོང་དེར་མེ་འཕེན་དངོས་སུ་བེད་སྤྱོད་བྱེད་རྒྱུ་མིན་སྐོར་གསུང་འདུག
-
2008-09-08 -
-
-
༄༅༎ཐའེ་ལྦན་གྱི་བདེ་སྲུང་ལྷན་ཁང་གིས་རྒྱ་ནག་དང་འབྲེལ་ལམ་བཟང་དུ་གཏོང་ཆེད་ཡུལ་ནང་ལོ་ལྟར་བྱེད་བཞིན་པའི་དམག་སྦྱོང་དེར་མེ་འཕེན་དངོས་སུ་བེད་སྤྱོད་བྱེད་རྒྱུ་མིན་སྐོར་གསུང་འདུག
ལོ་ལྟར་བྱེད་བཞིན་པའི་དམག་སྦྱོང་དེ་ཉིན་ ༥ རིང་གནང་གི་ཡོད་པ་དང་དེར་དྲག་པོའི་དཔུང་དམག་ ༢༠༠༠༠ ལྷག་ཞུགས་པ་མ་ཟད་མེ་འཕེན་དངོས་སུ་བྱེད་པ་དང་ཐའེ་ལྦན་གྱི་སྲིད་དོན་དང་དྲག་པོའི་དཔུང་དམག་གི་འགོ་འཁྲིད་རྣམས་ཀྱིས་གཟིགས་རྟོག་གནང་སྲོལ་ཡོད་པ་རེད་ ཕྱི་ཚེས་ ༢༢ ནས་ ༢༦ བར་གནང་རྒྱུའི་རྒྱ་ནག་གི་བཙན་འཛུལ་འགོག་ཐབས་བྱེད་པའི་དམག་སྦྱོང་དེ་ལོ་ལྟར་བཞིན་གནང་རྒྱུ་ཡང་མཇུག་བསྒྲིལ་གྱི་ཉིན་མོར་མེ་འཕེན་དངོས་སུ་བྱེད་སྲོལ་ཡོད་པ་དེ་འདི་ལོ་བྱེད་རྒྱུ་མིན་སྐོར་གསུང་འདུག ཐའེ་ལྦན་བདེ་སྲུང་ལྷན་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་ གནད་དོན་ཐོག་ཞིབ་འཇུག་མཐར་ཕྱིན་པ་གནང་རྗེས་ང་ཚོས་མེ་འཕེན་དངོས་སུ་བྱེད་རྒྱུའི་སྦྱོང་བརྡར་དེ་མེད་པ་བཟོས་པ་ཡིན་ཞེས་གསུང་འདུག ཐའེ་ལྦན་གུང་མིང་ཏང་མ་ཡན་ཇའོ་མཆོག་གིས་དབུ་འཁྲིད་པའི་གཞུང་གིས་ལོ་ལྟར་གྱི་དམག་སྦྱོང་དེའི་ནང་མེ་འཕེན་དངོས་སུ་བྱེད་རྒྱུ་དེ་གཞུང་དངུལ་ཆུད་བཟོས་སུ་བཏང་བ་ཡིན་སྐོར་གསུང་འདུག
ཐའེ་ལྦན་བདེ་སྲུང་ལྷན་ཁང་གིས་སྔ་ལོའི་དམག་སྦྱོང་དེར་མེ་ཤུགས་འཕུར་མདེལ་བཅུ་གྲངས་ཤིག་དང་མེ་སྒྱོགས་གྲངས་ ༡༥༠༠༠ བེད་སྤྱོད་བྱས་ཡོད་སྐོར་གསུང་འདུག