ཨ་རིའི་ཕྱོགས་ནས་ཐེ་དབན་ལ་ཁྲིམས་ཐོག་གི་རོཌ་རམ།

ཐེ་དབན་གྱི་སྲིད་འཛིན་ཟུར་པས་ལྐོག་བརྔན་ལེན་པའི་དཀའ་རྙོག་དེའི་ཐོག་ད་ཆ་ཨ་མི་རི་ཀས་རོགས་རམ་མཁོ་འདོན་གནང་ཐུབ་པའི་འབད་བརྩོན།

༄༅༎ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲུལ་སྦན་གྱི་ལྐོག་བརྔན་ལེན་པའི་དཀའ་རྙོག་དེའི་ཐོག་ད་ཆ་ཐེ་དབན་ཕྱོགས་ནས་ཨ་རིའི་ངོས་ཀྱི་རོགས་རམ་མཁོ་འདོན་གནང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་འདུག

དེའང་ཐེ་དབན་ངོས་ནས་ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲུལ་སྦན་དང་ཁོང་གི་ནང་མིའི་ལྐོག་བརྔན་ལེན་པའི་གྱོད་གཞིའི་ཐོག་ཨ་རིའི་ཕྱོགས་ནས་ཐེ་དབན་ལ་ཁྲིམས་ཐོག་གི་རོགས་རམ་མཁོ་འདོན་གནང་ཐུབ་པའི་འབད་བརྩོན་བྱས་ཡོད་པར་ཨ་རིའི་ཕྱི་འབྲེལ་ཚོགས་པ་ཞིག་ནས་ད་རེས་རེས་གཟའ་ཕུར་བུའི་ཉིན་དངོས་སུ་གནས་ཚུལ་དེ་བདེན་པ་ཡིན་པའི་ཁས་ལེན་ཐོག་མ་གནང་ཡོད་པ་རེད་འདུག་ལ་ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲུལ་སྦན་དང་གྲལ་ཧྲུལ་གྱི་ནང་མིས་ལྐོག་བརྔན་ལེན་པའི་གྱོད་གཞི་དེས་རྐྱེན་པས་ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲུལ་སྦན་ཁ་སྔོན་སྤྱི་ཟླ་བཅུ་གཉིས་པ་ནས་ད་བར་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང་ད་རེས་ཨ་རིའི་ཐེ་དབན་ཞིབ་འཇུག་ལྷན་ཁང་གི་མགྲིན་ཚབ་པ་ཐོ་མ་སེ་ཧོ་ཇིསི་ནས་ཐེ་དབན་གྱི་ཁྲིམས་འཛིན་ཚན་པས་ཨ་རིའི་འབྲེལ་ཡོད་ཁྲིམས་འཛིན་ཚན་པ་དང་འབྲེལ་བ་ཞུས་ཏེ་ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲུལ་སྦན་གྱི་ཨ་རིའི་ནང་ཡོད་པའི་དངུལ་རྩའི་ཐོག་རྩད་ཞིབ་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད་པར་གསུངས་འདུག་ལ་ད་དུང་ཨ་རིའི་ཐེ་དབན་ཞིབ་འཇུག་ལྷན་ཁང་གི་མགྲིན་ཚབ་པ་དེས་སྤྱི་ལོ་ཉིས་སྟོང་གཉིས་ལོར་ཨ་རི་དང་ཐེ་དབན་ཕྱོགས་གཉིས་དབར་ལ་ཕྱོགས་གཉིས་ཕན་ཚུན་ཁྲིམས་ཐོག་གི་ཞོར་འདེགས་གནང་རྒྱུའི་ཆིངས་ཡིག་ཞིག་བཞག་ཡོད་ཅིང་ཆིངས་ཡིག་དེའི་ཐོག་ཕྱོགས་གཉིས་ཀྱི་ཁྲིམས་འཛིན་ཚན་པའི་དབར་མཉམ་ལས་གནང་སྟེ་འབྲེལ་ཡོད་གནས་ཚུལ་དང་དཔང་རྟགས་ཕྱོགས་གཉིས་ཀར་ཐོབ་ཐུབ་པའི་སྒྲིག་གཞི་གསར་བཙུགས་གནང་ཡོད་པར་ཡང་གསུངས་འདུག ཡིན་ནའང་ད་རེས་ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲལ་སྦན་གྱི་གྱོད་གཞི་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཁག་ཁྲིམས་ལུགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པའི་དབངང་གིས་གོང་གསལ་ཨ་རིའི་ཐེ་དབན་ཞིབ་འཇུག་ལྷན་ཁང་གི་མགྲིན་ཚབ་པ་དེས་ཞིབ་ཕྲའི་གནས་ཚུལ་གང་ཡང་གསུངས་མེད་པ་རེད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org