ཐེ་ལྦན་ཁུལ་དུ་རྒྱ་མཚོའི་རླུང་ཚུབ་ཀྱི་གནོད་འཚེ།
ཐེ་ལྦན་ཁུལ་དུ་རྒྱ་མཚོའི་ཆར་རླུང་གི་གནོད་འཚེ་ཕོག་ནས་ཉུང་ཐར་ཡང་མི་གྲངས་ལྔ་བརྒྱ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པའི་སྐོར་གསུངས་བཞག
-
2009-08-14 -
-
-
༄༅༎ཐེ་ལྦན་ཁུལ་དུ་རྒྱ་མཚོའི་ཆར་རླུང་གི་གནོད་འཚེ་ཕོག་ནས་ཉུང་ཐར་ཡང་མི་གྲངས་ལྔ་བརྒྱ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པའི་སྐོར་གཟའ་པ་སངས་ཉིན་ཐེ་ལྦན་གྱི་དཔོན་རིགས་ནས་གསུངས་བཞག
ཐེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇུའུ་ཡིས་དབུ་ཁྲིད་པའི་ཐེ་ལྦན་གཞུང་ལ་ད་རེས་ཐེ་ལྦན་ནང་རྒྱ་མཚོའི་རླུང་ཚུབ་ཀྱི་གནོད་འཚེ་ཕོག་པའི་གཟའ་འཁོར་གཅིག་རིང་གི་སྲོག་སྐྱོབས་ལས་དོན་སྤེལ་ཕྱོགས་ལ་ཐེ་ལྦན་མང་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་ད་རེས་ཐེ་ལྦན་ནང་རྒྱ་མཚོའི་རླུང་ཚུབ་ཀྱི་གནོད་འཚེ་ཕོག་ནས་ཐད་ནན་ས་ཁུལ་ནང་ཆར་པ་ཤུགས་ཆེ་བབས་པའི་འོག་རི་ཉིལ་ནས་མི་གྲངས་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་ཐེ་ལྦན་གཞུང་གིས་སྲོག་སྐྱོབས་ལས་དོན་སྤེལ་ཕྱོགས་ཐོག་མི་མང་པོས་སྐྱོན་བརྗོད་བྱས་ཏེ་ལོ་ངོ་བཅུའི་གོང་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་ཐེ་ལྦན་གྱི་སྲིད་དབང་འཛིན་པའི་སྐབས་ཐེ་ལྦན་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་ཡོད་པ་དང་དེའི་སྐབས་ཀྱི་སྲོག་སྐྱོབས་ལས་དོན་སྤེལ་ཕྱོགས་དང་ད་རེས་ཀྱི་ལས་དོན་སྤེལ་ཕྱོགས་དབར་བསྡུར་ནས་ད་རེས་ཐེ་ལྦན་གཞུང་གི་ལས་དོན་སྤེལ་ཕྱོགས་ལ་འཆར་གཞི་དང་གོ་རིམ་གང་ཡང་མེད་ལུགས་ཀྱི་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།