ཐའེ་ལྦན་ཕྱོགས་ནས་ཨ་རིར་ཡིད་ཆེས་སྐྲུན་ཐབས་གནང་རྒྱུ།
ཐའེ་ལྦན་གྱི་གཞུང་ཚབ་གསར་པ་མཆོག་ནས་ད་ཆ་ཐའེ་ལྦན་ཕྱོགས་ནས་ཨ་རིར་ཡིད་ཆེས་སྐྲུན་ཐབས་བསྐྱར་གསོ་གནང་རྒྱུའི་ཁས་ལེན་གནང་འདུག
-
2008-07-25 -
-
-
༄༅༎དེ་རིང་ཨ་མི་རི་ཀར་ཡོད་པའི་ཐའེ་ལྦན་གྱི་གཞུང་ཚབ་གསར་པ་སྐུ་ཞབས་ ཇེ་སེན་ཡོན་ གྱིས་དེ་སྔོན་ཐའེ་ལྦན་སྲིད་འཛིན་ཁྲེན་ཧྲུའེ་པེན་སྐབས་ཐའེ་ལྦན་རང་བཙན་ཐོག་མདུན་བསྐྱོད་གནང་སྟེ་ཨ་རི་དང་ཐའེ་ལྦན་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་ཀྱང་ད་ཆ་ཐའེ་ལྦན་གོ་མིང་ཏང་གཞུང་འཛིན་གྱི་ཕྱོགས་ནས་ཨ་རིར་ཡིད་ཆེས་སྐྲུན་ཐབས་བསྐྱར་གསོ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།
སྐུ་ཞབས་ཇེ་སེན་ཡོན་གྱིས་ཨ་རིའི་ནང་གི་ཐའེ་ལྦན་གྱི་གཞུང་ཚབ་པའི་ཐུགས་འགན་རིང་མིན་ཕྱི་ཟླ་བརྒྱད་པའི་ཚེས་༤ ནས་བཞེས་རྒྱུ་ཡིན་ཞིང༌། ཁོང་གིས་གསར་འགོད་པར་གསུངས་དོན། གནས་ཚུལ་དབྱེ་ཞིབ་པ་ཞིག་གི་ངོས་ནས་བཤད་ན་ ཨ་མི་རི་ཀ་དང་ཐའེ་ལྦན་ཕྱོགས་གཉིས་བར་ལ་ཕྱི་ལོ་༢༠༠༤ ནས་༢༠༠༨ བར་མི་ལོ་བཞིའི་རིང་ལ་ཡིད་ཆེས་ཀྱི་རྨང་གཞི་འཕེལ་ངེས་ཤིག་སྐྲུན་ཐུབ་མེད་པའི་གཟིགས་ཚུལ་ཡོད་པ་དང་ཡིན་ནའང་ཡིད་ཆེས་སྐྲུན་ཐབས་བསྐྱར་གསོ་བྱ་རྒྱུར་དུས་ཚོད་འགོར་གཞི་ཡོད་ཀྱང་ཕྱོགས་གཉིས་བར་ཐེངས་གཅིག་ཡིད་ཆེས་འཕེལ་ཐུབ་པ་ཞིག་བྱུང་བ་ཡིན་ཚེ་གཞན་གྱི་གནད་དོན་མང་པོ་ཞིག་རང་བཞིན་གྱི་སེལ་ཐུབ་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད། ཡིན་ནའང་ཁོང་གིས་སྲིད་འཛིན་མ་དབྱིང་ཅོ་ཟླ་བ་རྗེས་མའི་ནང་ཐའེ་ལྦན་གྱི་མཐུན་ཕྱོགས་ལེ་ཊིན་ཨ་མི་རི་ཀའི་ཡུལ་གྲུ་ཁག་ཅིག་ནང་འཚམས་འདྲིར་ཕེབས་པའི་སྐབས་ཨ་མི་རི་ཀ་བརྒྱུད་ཕེབས་ཏེ་ཨ་རིའི་ནང་ཁྱུག་ཙམ་འབབ་ཚུགས་གནང་གི་ཡོད་མེད་སྐོར་གསལ་པོ་གསུངས་ཀྱི་མེད་པ་རེད།