ཏ་མིལ་སྟག་གི་ཤོག་ཁག་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་པ།
ཤྲི་ལངྐ་ཡི་གཞུང་དང་གྱེན་ལོག་ཤོག་ཁག་ཏ་མེལ་སྟག་གི་ཤོག་ཁག་དབར་གྱི་དམག་འཐབ་ནང་ཏ་མེལ་སྟག་གི་ཤོག་ཁག་ལ་ཕམ་ཉེས་ཆེན་པོ་བྱུང་བ།
-
2009-01-26 -
-
-
༄༅༎ཤྲི་ལངྐ་ཡི་གཞུང་དང་གྱེན་ལོག་ཤོག་ཁག་ཏ་མེལ་སྟག་གི་ཤོག་ཁག་དབར་གྱི་དམག་འཐབ་ནང་ཏ་མེལ་སྟག་གི་ཤོག་ཁག་ལ་ཕམ་ཉེས་ཆེན་པོ་བྱུང་ནས་སྔར་གྱི་ནུས་པ་ཡོངས་རྫོགས་ཤོར་ཟིན་པ་དང་གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན་ཏ་མེལ་སྟག་གི་ཤོག་ཁག་སླར་ཡང་ཁོང་ཚོའི་ཐོག་མའི་ལམ་བུ་འཇབ་དམག་གི་ལམ་བུ་བསྐྱོད་སྲིད་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
ཏ་མེལ་སྟག་གི་གྱེན་ལོག་ཤོག་ཁག་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་དམག་འཐབ་བྱས་ནས་ཤྲི་ལངྐའི་ས་ཁུལ་མང་པོ་ཞིག་ཁོང་ཚོས་དབང་བསྒྱུར་བྱས་ཡོད་ཀྱང་ཉེ་བའི་གཟའ་འཁོར་ཁ་ཤས་ནང་ཤྲི་ལངྐ་ཡི་གཞུང་གིས་གཏོར་རྒོལ་ཁ་གཏད་འོག་གྱེན་ལོག་ཤོག་ཁག་གིས་དབང་བསྒྱུར་བྱས་པའི་ས་གནས་མང་ཆེ་བ་ཤོར་ཡོད་པ་མ་ཟད་ཕར་རྒོལ་གྱི་ནུས་པ་ཡོངས་རྫོགས་ཤོར་ཏེ་གཟའ་ཉི་མའི་ཉིན་ཁོང་ཚོའི་མཐའ་མའི་རྟེན་གཞི་མུལ་ལའི་ཏིབུ་ཁུལ་དུ་ཕྱིར་འཐེན་བྱས་ནས་སླར་ཡང་འཇབ་དམག་གི་ལམ་བུའི་ཐོག་བསྐྱོད་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད།
ཨ་རིའི་ཀོ་ལོམ་བིཡ་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་རིག་གི་ཉམས་ཞིབ་པ་ཞིག་གིས་གསུངས་ན་ཏ་མེལ་སྟག་གི་ཤོག་ཁག་གྱིས་ཆབ་སྲིད་དང་དམག་དོན་ཐོག་གི་སྟོབས་ཤུགས་དེ་སྔོན་ལྟར་སླར་གསོ་ཐུབ་རྒྱུ་ཁག་པོ་ཡིན་པར་བརྟེན་ཁོང་ཚོ་ཕལ་ཆེར་འཇབ་དམག་གི་ལམ་བུའི་ཐོག་བསྐྱར་དུ་བསྐྱོད་སྲིད་པ་གསུངས་འདུག།