རྒྱ་ནག་ལ་རྒྱལ་ཞེན་སློབ་གསོའི་འཆར་གཞི་ལ་ངོ་རྒོལ
ཧོང་ཀོང་གི་དགེ་རྒན་དང་སློབ་ཕྲུག་ཁྱིམ་བདག་ཕ་མ་སྟོང་ཕྲག་མང་པོས་རྒྱ་ནག་གི་རྒྱལ་ཞེན་རིང་ལུགས་ཀྱི་སློབ་གསོའི་འཆར་གཞི་ལ་ངོ་རྒོལ།
-
2012-09-08 -
-
-
༄༅༎ཧོང་ཀོང་གི་དགེ་རྒན་དང་སློབ་ཕྲུག་ཁྱིམ་བདག་ཕ་མ་སྟོང་ཕྲག་མང་པོས་རྒྱ་ནག་གི་རྒྱལ་ཞེན་རིང་ལུགས་ཀྱི་སློབ་གསོའི་འཆར་གཞི་ལ་ངོ་རྒོལ་བྱས་པ་ལས་ཧོང་ཀོང་གཞུང་གིས་འཆར་གཞི་དེ་རེ་ཞིག་ཕྱིར་འཐེན་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་སློབ་གྲྭ་ཁག་གི་སློབ་ཚན་ནང༌། རྒྱ་ནག་ལ་རྒྱལ་ཞེན་སློབ་གསོ་སྐོར་བཅུག་རྒྱུའི་འཆར་གཞི་དེར། ད་ལོ་སྤྱི་ཟླ་བདུན་པ་ནས་ངོ་རྒོལ་རིམ་པ་ཞིག་བྱས་ཡོད་པ་དང་། ཕྱི་ཟླ་དགུ་པའི་ཚེས་ཤར་ནས་བསྟུད་མར་ཉིན་དགུ་ཙམ་རིང་མི་མང་སྟོང་ཕྲག་མང་པོས་ཧོང་ཀོང་ས་གནས་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱས་ཡོད་པ་རེད།
ཧོང་ཀོང་མི་མང་གིས་འཆར་གཞི་དེ་ནི་བྱིས་པའི་མང་གཙོ་དང་རང་དབང་གི་བསམ་བློ་ལ་བཅོས་སྒྱུར་གྱིས་དམར་ཤོག་དང་གཅིག་སྡུད་རིང་ལུགས་ལ་དགའ་ཞེན་བྱེད་མཁན་ཞིག་ཆགས་སྲིད་པའི་སེམས་ཁྲལ་བྱེད་བཞིན་ཡོད་འདུག
མི་མང་པོ་ཞིག་གིས་ཧོང་ཀོང་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་ངོས་དགའ་བྱེད་ཆེད་དང་བླངས་ཀྱིས་འཆར་གཞི་ལག་བསྟར་བྱེད་པ་ལས་འགྱུར་བ་གཏོང་མི་སྲིད་པར་ཚོད་བྱས་ཡོད་ན་ཡང༌། ཁ་སང་ཧོང་ཀོང་ས་གནས་སྲིད་གཞུང་གིས། རྒྱལ་གཅེས་ཀྱི་སློབ་གསོ་དེ་སློབ་གྲྭ་སོ་སོ་ནས་ལག་བསྟར་བྱས་ན་མ་གཏོགས། ཧོང་ཀོང་གཞུང་ནས་ལག་བསྟར་བྱེད་བཅུག་རྩིས་མེད་ལུགས་བཤད་ཡོད་འདུག།