བོད་ཀྱི་མིག་ཆུ།

ཡོ་རུབ་གྲོས་ཚོགས་ནང་བོད་དོན་སྐོར་བགྲོ་གླེང་ལྷན་ཚོགས་ཐེངས་གསུམ་པ་གནང་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག

བོད་ཀྱི་མཆི་མ་ཞེས་པའི་བརྗོད་གཞིའི་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ལ་ལྷན་ཚོགས་གནང་རྒྱུའི་གསལ་བསྒྲགས་ཡིག་ཆ། གོ་སྒྲིག་ཚོགས་ཚུང་།

༄༅།    །ཁ་སང་ཕྱི་ཚེས་༡༠རེས་གཟའ་ལྷག་པའི་ཉིན་ Belgium རྒྱལ་ས་Brussel རུ་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ནང་ Alliance of Liberals and Democrats for Europe ཞེས་པའི་མང་གཙོ་དང་གུ་ཡངས་ལྡན་པའི་ཡུ་རོབ་ཅེས་པའི་མཐུན་ཚོགས་ཀྱི་འཐུས་མི་ཡིན་པ་Estonia རྒྱལ་ཁབ་ཀྱི་ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་Kristina Ojuland དང་ Lithuania ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་Leonidas Donskis གཉིས་ཀྱིས་གོ་སྒྲིག་འོག་ Tears of Tibet བོད་ཀྱི་མིག་ཆུ་ཞེས་པའི་བརྗོད་གཞིའི་འོག་བགྲོ་གླེང་གནང་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག  བགྲོ་གླེང་དེའི་ཐོག    ད་བར་བོད་བོད་མི་གྲངས་༡༡༤ཡིས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་ཇི་ཆགས་དང་། རྒྱ་ནག་གཞུང་གི་སྲིད་ཇུས་རྐྱེན་པས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་པ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཇི་ལྟར་ཕོགས་པའི་གནད་དོན་དང་། དེ་བཞིན་བོད་ཀྱི་གནད་དོན་སེལ་ཕྱོགས་ཐད་ཡོ་རོབ་གྲོས་ཚོགས་ཀྱི་བཞེངས་ཕྱོགས་ལ་བསྐྱར་ཞིབ་བཅས་བགྲོ་གླེང་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org