བོད་པའི་དགེ་འདུན་པ་ཞིག་རྒྱ་གཞུང་གིས་འཛིན་བཟུང་།

བོད་ཀྱི་ཁམས་ཡུལ་ཤུལ་ཁུལ་དུ་ཡོད་པའི་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་བསྟན་འཛིན་ཤེས་རབས་ལགས་ཟླ་བ་འདིའི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

2012.10.05

༄༅།    །ད་ལམ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དགེ་འདུན་པ་བསྟན་འཛིན་ཤེས་རབ་ལགས་ནི། ཡུལ་ཤུལ་ཛ་སྟོད་དར་དམར་སྡེ་པ་ནས་ཡིན་པ་དང་། ཁོང་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས། ནང་མི་སྤུན་མཆེད་རྣམས་ཀྱིས་ཉེས་རྟོག་ལས་ཁང་དུ་འབྲེལ་གཏུགས་ཀྱིས། ཁོང་གང་དུ་ཡོད་མེད་རྩད་གཅོད་བྱས་བྱས་པར། ཉེན་རྟོག་པས་ཁོང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང༌། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་སྐོར་གསལ་བཤད་གང་ཡང་བྱས་མེད་ཀྱང༌། ས་གནས་མང་ཚོགས་ཀྱིས་ཁོང་འཛིན་བཟུང་བྱེད་དགོས་དོན་ནི། འདི་ལོའི་ཕྱི་ཟླ་༢ཚེས་བ༨ཉིན་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་མང་དང་དེར་ཡོད་པའི་མི་མང་རྣམས་ཀྱིས་ཞི་བའི་སྐད་འབོད་བྱས་པའི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

བསྟན་འཛིན་ཤེས་རབ་ལགས་ནི་ད་ལྟ་རང་ལོ་༢༨ ཡིན་པ་དང༌། ཁོང་གི་ཕའི་མཚན་ལ་འཇམ་ཆོས་དང༌། མའི་མཚན་ལ་པདྨ་བདེ་སྐྱིད་ཞུ་གི་ཡོད་ཅིང༌། ཁོང་ནི་རྒྱུན་ལྡན་དུ་མི་རིགས་ཀྱི་ལ་རྒྱ་ལ་ཐུགས་འཁུར་ཆེན་པོ་བཞེས་མཁན་ཞིག་ཡིན་སྐོར་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཚོས་གསུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎