ཐའེ་ལེན་ཌི་ལ་ཤར་ལྷོ་ཨེ་ཤི་ཡའི་ལྷན་ཚོགས་ཕྱིར་འཐེན་བྱས་པ།

ཐའེ་ལེན་ཌི་ནང་ངོ་རྒོལ་ཤུཌ་ཆེ་སྤེལ་བའི་རྐྱེན་གྱིས་ཤར་ལྷོ་ཨེ་ཤི་ཡའི་མངའ་ཁུལ་ཡུལ་ཁག་གི་ཆེས་མཐོའི་ལྷན་ཚོགས་དེ་ཕྱིར་འཐེན་བྱས་ཡོད་པ།

༄༅༎ཤར་ལྷོ་ཨེ་ཤི་ཡའི་མངའ་ཁུལ་ཡུལ་ཁག་གི་ཆེས་མཐོའི་ལྷན་ཚོགས་དེ་ཐའེ་ལེན་ཌི་ཡུལ་གྱི་པཱ་ཊ་ཡ་སྤྲོ་གསེང་གཏོང་ས་དེར་ཚུགས་ཤིང་ཡོད་ཀྱང་དེང་སྐབས་ཐའེ་ལེན་ཌིའི་ནང་གཞུང་ལ་ངོ་རྒོལ་སྐད་འབོད་རྒྱབ་མཁན་ཚོས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་རྐྱེན་གྱིས་ཚོགས་འདུ་ཕྱིར་འཐེན་མཚམས་འཇོག་གནང་དགོས་བྱུང་བ་རེད།

ཐའེ་ལེན་ཌིའི་སྲིད་བློན་ཨ་སྦི་ཤིཏ་ལྦེ་ཇ་ཇི་ལྦ་གྱིས་ཐའེ་ལེན་ཌིའི་ནང་ཆེས་ཛ་དྲག་གི་ཁྲིམས་གཞི་བཀོད་འདོམས་བྱས་ཡོད་པ་དང་དེ་ཁུལ་ཕེབས་པའི་ཤར་ལྷོ་ཨེ་ཤི་ཡའི་སྐུ་མགྲོན་རྣམས་འཕྲལ་དུ་རང་ཡུལ་དུ་ཕྱིར་ལོག་གནང་དགོས་བྱུང་ཡོད་པ་དང་འགའ་ཤས་ཐད་འཕུར་གནམ་གྲུ་སོགས་བརྒྱུད་ས་གནས་དེ་ནས་ཕྱིར་ཐོན་བྱས་ཡོད་པ་རེད། སྲིད་བློན་ཨ་སྦི་ཤིཏ་ལྦེ་ཇ་ཇི་ལྦ་གྱིས་གསུངས་ན་ང་ཚོའི་གཞུང་གིས་ཐག་གཅོད་བྱུང་དོན་བཞིན་ད་ལྟའི་ཤར་ལྷོ་ཨེ་ཤི་ཡའི་མངའ་ཁུལ་ཡུལ་ཁག་གི་ཆེས་མཐོའི་ལྷན་ཚོགས་དེ་ཕྱིར་འཐེན་གནང་རྒྱུའི་གནད་དོན་དེ་ཚོ་ཡུལ་གྱི་ནང་ཟང་ཟིང་གི་གནས་སྟངས་འོག་འགྱུར་བ་གཏོང་དགོས་བྱུང་བའི་གནས་ལུགས་སྐུ་མགྲོན་ཚོར་འགྲེལ་བརྗོད་ཞུས་ཏེ་གནས་ལུགས་མཁྱེན་རྟོགས་ཡོང་ངེས་དང་ད་ཆ་ཁོང་རྣམས་པའི་བདེ་འཇགས་ལ་ང་ཚོས་སྲུང་སྐྱོབ་འགན་ལེན་ཞུ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ལུགས་གསུངས་ཡོད་པ་རེད། ཐའེ་ལེན་ཌིའི་ནང་སྲིད་བློན་ཟུར་པ་ཕྱིར་འབུད་དུ་བཏང་བ་ཐཀ་སིན་ཤི་ན་ལྦ་ཏྲ་ལ་རྒྱབ་སྐྱོར་བྱེད་མཁན་སྟོད་ཐུང་དམར་པོ་གྱོན་པའི་མི་མང་གིས་སྐད་འབོད་རྒྱབ་སྟེ་ཡུལ་གྱི་ནང་མང་གཙོའི་ལམ་ལུགས་ཀྱི་སྤྱི་ཡོངས་འོས་བསྡུ་བྱ་དགོས་པའི་སྐོར་བརྗོད་ཀྱི་ཡོད་པའི་གནས་ཚུལ་འཁོད་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org