༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཨང་གཉིས་པར་ཐོན།
༧གོང་ས་མཆོག་ནི་ད་ལྟ་འཚོ་ཞིང་བཞུཌ་པའི་འཛམ་གླིང་ནང་གི་ཆོས་ཕྱོཌ་ཀྱི་དབུ་ཁྲིད་རླབས་ཆེན་༡༠༠་ཡི་ཁོངས་ནས་ཨང་གཉིས་པ་དེ་ཡིན།
-
2011-04-02 -
-
-
༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ད་ལྟ་འཚོ་ཞིང་བཞུཌ་པའི་འཛམ་གླིང་ནང་གི་ཆོས་ཕྱོཌ་ཀྱི་དབུ་ཁྲིད་རླབས་ཆེན་༡༠༠་ཡི་ཁོངས་ནས་ཨང་གཉིས་པ་དེ་ཡིན་པའི་མཚན་གཞུང་ཞིག་འདོན་སྤེལ་ཞུས་འདུག དེ་ཡང་ཨིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ལྦཏ་ཀིན་སི་དཔེ་མཛོད་ཁང་གིས་ཉེ་ཆར་འཛམ་གླིང་ནང་གི་ཆོས་ཕྱོཌ་ཀྱི་དབུ་ཁྲིད་༡༠༠་འདམས་པའི་མཚན་གཞུང་ཁྱབ་བསྒྲཌ་གནང་བའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨང་གཉིས་པ་དེ་ཡིན་འདུག ལྦཏ་ཀིན་སི་དེཔ་མཛོད་ཁང་གིས་གོང་ཞུས་མཚན་གཞུང་དེ་དག་Watkins Review འམ་ལྦཏ་ཀིན་སི་བསྐྱར་ཞིབ་ཞེས་པའི་དུས་དེབ་ཐོག་སྤེལ་ཡོད་པ་དང་དུས་དེབ་དེའི་རྩོམ་བྲིས་པ་རྣམས་ཀྱིས་མཚན་གཞུང་འདི་འདོན་སྤེལ་ཞུས་ཏེ་དེང་དུས་ཀྱི་ཆོས་ལུཌ་དང་འབྲེལ་ཡོད་ཐད་བགྲོ་གླེང་གསོ་སྐྱོང་ཐུབ་པའི་ཐུཌ་རེ་གནང་གི་ཡོད་ལུཌ་གསུངས་འདུག འཛམ་གླིང་ནང་གི་ཆོས་ཕྱོཌ་ཀྱི་དབུ་ཁྲིད་རླབས་ཆེན་༡༠༠་ཡི་མཚན་གཞུང་ནང་འཁོད་རྒྱུར་གོང་ཞུས་དཔེ་མཛོད་ཁང་གི་ཆ་རྐྱེན་གཙོ་བོ་གསུམ་བཏོན་ཡོད་པ་དེ་དག་ནི་དང་པོ་ཆོས་ཕྱོཌ་ཀྱི་དབུ་ཁྲིད་དེ་ད་ལྟ་འཚོ་ཞིང་གནས་དགོས་པ་དང་ཆ་རྐྱེན་གཉིས་པ་ དབུ་ཁྲིད་དེས་འཛམ་གླིང་ནང་ཆོས་ཕྱོཌ་ཐད་ཁྱད་དུ་འཕཌ་པའི་ལེཌ་སྐྱེས་ཕུལ་བའམ་མཛད་རྗེས་བཞག་ཡོད་པ་ཆ་རྐྱེན་གསུམ་པ་དེ་ནི་རྒྱུན་དུ་མི་སྣ་དེ་གུའུ་གལ་དྲ་རྒྱ་བརྒྱུད་འཚོལ་ཞིབ་བྱེད་སྐབས་ནེལ་སེན་དྲ་མཛོད་ནང་ཡོད་དགོས་པ་བཅས་ཡིན་འདུག ད་རེས་ལྦཏ་ཀིན་སི་དཔེ་མཛོད་ཁང་གིས་འཛམ་གླིང་ནང་གི་ཆོས་ཀྱི་རླབས་ཆེན་དབུ་ཁྲིད་མི་སྣ་༡༠༠་ཡི་མཚན་གཞུང་འདོན་སྤེལ་ཞུས་པའི་ཁོངས་སུ་བརྒྱ་ཆ་༧༦་སྐྱེས་པ་ཡིན་པ་དང་ཆ་སྙོམ་ལོ་ཚད་ནི་༦༧་ཡིན་ཞིང་ ཁོང་རྣམས་ནི་ཨང་དང་པོ་དེ་ནི་ཇར་མ་ནིའི་ནང་འཁྲུངས་པའི་རྩོམ་པ་པོ་དང་ཆོས་ཕྱོཌ་ཀྱི་འགོ་ཁྲིད་ཨེ་ཀཏ་ཀྲོ་ལེ་ཞུ་བ་དང་ཨང་གཉིས་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨང་གསུམ་པ་རྩོམ་པ་པོ་གྲཌ་ཅན་ལྦེན་ཌ་ཡར་ཡིན་པ་དང་དེ་བཞིན་དུ་ཨ་མེ་རི་ཀའི་ནང་འཁྲུངས་པའི་ནང་པའི་བཙུན་མ་པད་མ་ཆོས་སྒྲོན་ལཌ་ཨང་གྲངས་༣༩་དང་བསོད་རྒྱལ་རིན་པོ་ཆེ་ཨང་གྲངས་༨༢་བཅས་ཡིན་པའི་མཚན་གཞུང་ཡང་རིམ་བཞིན་འདོན་སྤེལ་ཞུས་འདུག།