༸གོང་ས་མཆོག་རོ་ཆེསི་ཀྲར་དུ་༸ཞབས་སོར་འཁོད།

ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ནང་རྒྱ་རིགས་སློབ་ཕྲུག་ཁག་ཅིག་ལ་དམིགས་བསལ་བཀའ་སློབ་སྩལ་བ།

༄༅༎བོད་མིའི་ཆོས་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་སློབ་ཕྲུག་ཁག་ཅིག་བཀའ་སློབ་གནང་བཞག  དེ་ཡང་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ལོང་བྷི་ཆིའི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ Rochester དུ་༸ཞབས་སོར་འཁོད་མཚམས་མི་ནི་སོ་ཊའི་ཁུལ་ཡོད་བོད་རིགས་ཚོགས་པ་དང་།བོད་མི་ཚོས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་༸གོང་ས་མཆོག་གིས་མི་ནེ་སོ་ཊའི་ཁུལ་དུ་རྟེན་གཞི་བྱས་པའི་སློབ་གྲྭ་དང་མཐོ་སློབ་ཁག་འདྲ་མིན་ཁག་བརྒྱད་ཙམ་ནས་ཆེད་བཅར་ཞུས་པའི་རྒྱ་རིགས་མཁས་དབང་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་འདུ་འཛོམས་བྱས་པའི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་བའི་ནང་ མི་ཚང་མ་གོ་ལ་སྔོན་པོའི་སྟེང་འཚོ་གནས་བྱེད་བཞིན་པའི་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་བསམ་པའི་ཀུན་སློང་དེ་འདྲ་ཞིག་སྐྱེས་ཐུབ་པ་ཡིན་ན། ཕན་ཚུན་མགོ་སྐོར་སླུ་བྲིད་ཀྱིས་མཚོན་པའི་བྱ་བ་ངན་པའི་རིགས་ལ་ཞུགས་རྒྱུའི་དགོས་པ་གང་ཡང་མེད་སྐོར་བཀའ་གནང་བཞག
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ ༡༠༠༠ རིང་བོད་ཀྱི་ཆོས་རྒྱལ་རྣམས་དང་རྒྱ་ནག་གི་རྒྱལ་པོའི་དབར་ཕན་ཚུན་བག་མ་གཏོང་ལེན་གྱི་མཚོན་པའི་སྐབས་རེ་འབྲེལ་བ་བཟང་པོ་བྱུང་ཡོད་པ་དང་སྐབས་རེ་འཁྲུག་རྩོད་ཀྱང་བྱུང་ཡོད་པ་རེད། དེར་བརྟེན་བྱུང་རབས་ཁྲོད་ནས་བོད་མི་རིགས་དང་ཧན་མི་རིགས་དབར་འཐབ་རྩོད་ཡོང་རྒྱུའི་རྒྱུ་མཚན་མང་དག་ཅིག་བྱུང་ཡོད་ཅེས་གསུངས་བཞག
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གལ་ཏེ་རྒྱ་ནག་གཞུང་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲད་ཚེ། བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བསྡད་ན་དགེ་མཚན་ཆེ་བ་ཡོད་པ་དང་། གྲོས་མཐུན་དོན་ཚན་བཅུ་བདུན་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འགྲོ་སྟངས་ལ་བསམ་བློ་བཏང་སྟེ་བོད་མི་ཚོས་ས་རྟགས་བཀོད་པ་ཞིག་ཆགས་ཡོད་ཅེས་བཀའ་སློབ་གནང་བཞག། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org