བོད་ཀྱི་རིག་གཞུང་རྒྱུན་འཛིན་དགོས་པའི་བཀའ་སློབ།

༸གོང་ས་མཆོག་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་བར་བོད་ཀྱི་རིག་གཞུང་དང་ཁོར་ཡུག་རྒྱུན་འཛིན་དགོས་སྐོར་བཀའ་སློབ་སྩལ་བ།

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་མི་དམངས་ཀྱིས་བོད་ཀྱི་རིག་གཞུང་དང་ཁོར་ཡུག་མི་ཉམས་རྒྱུན་འཛིན་ཡོང་བར་རྒྱབ་སྐྱོར་བྱ་དགོས་པ་དང༌། བོད་ཀྱི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིས་ཨེ་ཤེ་ཡའི་མངའ་ཁུལ་ཡོངས་ཀྱི་ཁེ་ཕན་ཡིན་པའི་བཀའ་གནང་ཡོད་པའི་སྐོར་དེ་རིང་རྒྱ་གར་གྱི་Press Trust of India ཞེས་པའི་གསར་ཤོག་ལས་ཁང་གི་དྲ་རྒྱའི་གསར་འགྱུར་ཐོག་བཀོད་ཡོད་པ་རེད།

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༩ ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་ཟློས་སྒར་ཚོགས་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་སྐོང་ཚོགས་གནང་བ་དང༌།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་དབུ་འབྱེད་གནང་བ་མ་ཟད། བཀའ་སློབ་ཕེབས་དོན་ལ། བོད་མི་རིགས་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་ནི། བོད་མི་ས་ཡ་དྲུག་གི་ཁེ་ཕན་ཁོ་ན་མ་ཡིན་པར། དབུས་ཨེ་ཤེ་ཡའི་ནང་གི་རྒྱལ་ཁབ་མང་པོ་ཞིག་གི་ཁེ་ཕན་དང་ཐུག་ཡོད་ཅིང༌། བོད་མཐོ་སྒང་ནས་རྒྱུགས་པའི་གཙང་ཆུ་དཔེར་ན། Brahmaputraའམ་རྟ་མཆོག་ཁ་འབབ་གཙང་ཆུ་དེ་ནི། རྒྱ་གར་མི་དམངས་གཙོས་པའི་ཡེ་ཤེ་ཡའི་མངའ་ཁུལ་ནང་གི་རྒྱལ་ཁབ་མང་པོ་ཞིག་གི་མི་དམངས་ཀྱི་འཚོ་གནས་དང་འབྲེལ་བ་ཡོད་པར་སོང༌།བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གཏོང་བ་དང༌། བོད་ཀྱི་རང་འབྱུང་གཏེར་ཁ་སྔོག་འདོན་བྱེད་པ། བོད་ཀྱི་རི་དྭགས་སེམས་ཅན་གྱི་འཚོ་གནས་ཉེན་ཁའི་གནས་སྟངས་སོགས་བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བའི་གནས་སྟངས་རྒྱ་གར་ཕྱོགས་ནས་གླེང་སློང་བྱ་རྒྱུའི་ཐོབ་ཐང་ཡོད་པའི་བཀའ་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org