༧གོང་ས་མཆོག་གིས་ལྕམ་སུ་ཀི་གློད་བཀྲོལ་ཐོབ་པར་དགའ་བསུ།

༧གོང་ས་མཆོག་གིས་འབར་མའི་མང་གཙོ་དོན་གཉེར་བ་ལྕམ་ཨང་སང་སུ་ཀི་མཆོག་གློད་བཀྲོལ་ཐོབ་པར་དགའ་བསུའི་གསུངས་འཕྲིན་གནང་བ།

2010.11.15

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབར་མའི་མང་གཙོ་དོན་གཉེར་བ་ལྕམ་ཨང་སང་སུ་ཀི་མཆོག་གློད་བཀྲོལ་ཐོབ་པར་དགའ་བསུའི་གསུངས་འཕྲིན་གནང་བའི་གནས་ཚུལ་ཐོན་འདུག་། ལོ་ངོ་བཅོ་ལྔ་ཙམ་གྱི་རིང་དུ་བཙོན་འཇུག་བཀག་ཉར་འོག་ཏུ་གནས་པའི་འབར་མའི་མང་གཙོ་ལས་འགུལ་གྱི་དབུ་ཁྲིད་དང་ འཛམ་གླིང་གི་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ ལྩམ་ཨང་སངས་སུ་ཀི་མཆོག་དྲག་པོའི་གཞུང་གིས་རེས་གཟའ་སྤེན་པའི་ཉིན་གློད་བཀྲོལ་བཏང་ཡོད་ཅིང་། སྐབས་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་དུ་མཛད་འཕྲིན་བསྐྱངས་བཞིན་པ་ཡིན་པ་དང་ ཁོང་གིས་རེས་གཟའ་ཟླ་བའི་ཉིན་གནང་བའི་གསུང་འཕྲིན་ནང་ ལྕམ་ཨང་སང་སུ་ཀི་མཆོག་གློད་བཀྲོལ་ཐོབ་པར་དགའ་བསུ་དང་ དྲག་པོའི་གཞུང་གིས་ལྕམ་ཨང་སང་སུ་ཀི་མཆོག་གློད་བཀྲོལ་གནང་བར་རྗེས་སུ་ཡིད་རང་ཀྱང་ཞུས་གནང་འདུག་། གསུང་འཕྲིན་དེ་ཉིད་ནང་༧གོང་ས་མཆོག་གིས་འབར་མའི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཆ་ཚང་ཡོད་པ་དང་ གོང་བུ་གཅིག་བསྒྲིལ་གྱི་ཐུགས་ཁུར་ཡོད་པའི་སྐོར་བཀའ་གནང་འདུག་། འཛམ་གླིང་ནང་རང་དབང་ལ་དགའ་པོ་ཡོད་པའི་མི་མང་རྣམས་ཀྱིས་ དེ་དང་དེ་འདྲ་བའི་ཞི་བདེའི་ལས་འགུལ་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་བསྐུལ་གནངབ་མ་ཟད་། རྒྱ་ནག་གིས་ཀྱང་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་དང་གཞན་ཆབ་སྲིད་ཀྱི་བཙོན་པ་རྣམས་ཀྱང་གློད་བཀྲོལ་གཏོང་རྒྱུའི་ཐོག་༧གོང་ས་མཆོག་གིས་ཐུགས་སྨོན་དང་རེ་འདུན་ཀྱང་གསུང་འཕྲིན་དེ་ཉིད་ནང་བཀོད་གནང་འདུག་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༡༩༨༩་ལོར་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་དང་འབར་མའི་མང་གཙོ་དབུ་ཁྲིད་ལྕམ་ཨང་སུ་ཀྱི་མཆོག་ལ་ཕྱི་ལོ་༡༩༩༡གི་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་དང་ ལིའུ་ཤའོ་ཕུའུ་ལ་འདི་ལོའི་ཞི་བདེའི་འབུལ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎