༧གོང་ས་མཆོག་ཨོ་སེ་ཀྲེ་ལི་ཡར་ཞབས་སོར་འཁོད་གནང་བ།

༸གོང་ས་མཆོག་ཨོ་སེ་ཀྲེ་ལི་ཡའི་ནང་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག་དང་མང་ཚོགས་ལ་ཞི་བདེ་དང་བྱམས་བརྩེའི་བཀའ་སློབ་གནང་རྒྱུ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛ་ལན་དྲིའི་མཛད་འཕྲིན་ཁག་ལེགས་པར་གྲུབ་གནང་ནསད་རིང་རེས་གཟའ་ཕུར་བུའི་ཉིན་ཨོ་སེ་ཀྲེ་ལི་ཡའི་གྲོང་ཁྱེར་མེལ་སྦོན་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་འདུག ཨོ་སེ་ཀྲེ་ལི་ཡའི་ནང་ཉིན་གྲངས་བཅུ་ཙམ་བཞུགས་རྒྱུན་རིང་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག་དང་མང་ཚོགས་ལ་ཞི་བདེ་དང་བྱམས་བརྩེའི་སྐོར་བཀའ་སློབ་གནང་རྒྱུའི་མཛད་འཆར་སོགས་ཡོད་པ་རེད།

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་ཨོ་སེ་ཀྲེ་ལི་ཡའི་སྲིད་བློན་མཆོག་དང་མཇལ་འཕྲད་གནང་མིན་ཐད་དམིགས་བསལ་གསལ་ཁ་མེད་པ་དང་། དེ་སྔའི་སྲིད་བློན་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་ཀྱང་རྒྱ་ནག་གཞུང་ནས་གནོན་ཤུགས་ཆེན་པོ་སྤྲད་ཡོད་རེད་ལ་ད་ལྟའི་ཆར་རྒྱ་ནག་ནི་ཨོ་སེ་ཀྲེ་ལི་ཡའི་ཚོང་འབྲེལ་བྱེད་ཡུལ་གཙོ་བོའི་གྲས་ཤིག་ཀྱང་ཡིན་པ་བཅས་ཀྱི་རྒྱ་ནག་གི་ཕྱོགས་ནས་སླར་ཡང་ཨོ་སེ་ཀྲེ་ལི་ཡའི་གཞུང་ལ་མཛད་དཀའ་བཟོ་སྲིད་པའི་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་མེལ་སྦོན་གྱི་མཛད་འཆར་གྲུབ་གནང་བའི་རྗེས་སུ་རྒྱལ་ས་ཀན་བྷ་ར་དང་། གྲོང་ཁྱེར་སྦི་རི་སི་སྦེན། པརཏ་བཅས་པར་ཡང་མཛད་འཕྲིན་བསྐྱང་གནང་རྒྱུཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org