གོང་ས་མཆོག་ནས་བློན་ཆེན་རྡོ་རྗེ་མཁའ་འགྲོར་ཐུཌ་འཚབ།
༸གོང་ས་མཆོག་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་གནས་སྟངས་ཐོག་ཐུགས་འཚབ་ཡོད་སྐོར་བཀའ།
-
2011-05-02 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་ཀྱི་གནས་སྟངས་ཐོག་ཐུགས་འཚབ་ཡོད་སྐོར་བཀའ་གནང་ཡོད་པ་རེད་
ཁ་ས་རེས་གཟའ་ཉི་མ་ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་ཟུང་འབྲེལ་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡོ་རྗེ་མཁའ་འགྲོ་ལགས་ཀྱི་གནས་སྟངས་ཐོག་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་དང་ཁོང་དང་ཁོང་གི་ལྷན་དུ་ཡོད་པའི་མི་གཞན་ཁག་དེ་དག་བདེ་ཐང་ངང་རང་སར་ཕྱིར་ལོག་ཡོང་བའི་ཐུགས་སྨོན་གནང་ཡོད་ཅེས་གསུང་འདུག ༸གོང་ས་མཆོག་ཕྱི་ལོ་༢༠༠༩ལོའི་ཕྱི་ཟླ་༡༡ནང་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་ཀྱིས་གདན་ཞུ་གནང་བ་བཞིན་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་ཡོད་པ་རེད་ སྐབས་དེར་གོང་ས་མཆོག་གིས་མངའ་སྡེ་དེའི་ནང་སྨན་ཁང་ཞིག་དབུ་འབྱེད་ཀྱིས་རྒྱ་གར་དངུལ་སྒོར་ས་ཡ་གཉིས་ཞལ་འདེབས་གནང་ཡོད་པ་རེད་
ཕྱི་ལོ་༡༩༥༩ལོར་བོད་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྗེས་གོང་ས་མཆོག་ཨ་རུ་ན་ཅལ་པར་རྡེཤ་བརྒྱུད་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་མ་ཟད་མངའ་སྡེ་དེའི་རྟ་དབང་ས་ཁུལ་དུ་རྒྱལ་མཆོག་སྐུ་འཕྲེང་དྲུག་པ་ཚང་དབྱངས་རྒྱ་མཚོ་མཆོག་སྐུ་བལྟམས་ཡུལ་གྱི་ས་གནས་ཁྱད་འཕགས་ཤིག་ཀྱང་ཆགས་ཀྱི་ཡོད་པ་རེད་