བཞུགས་སྒར་དུ་ཆུ་འབྲུག་ལོ་གསར་གྱི་མཛད་སྒོ་གནང་།

༸གོང་ས་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཛད་སྒོ་གནང་བ།

༄༅༎དེ་རིང་ཕྱི་ཟླ་༢ཚེས་༢༢རེས་གཟའ་ལྷག་པའི་ཉིན་བོད་ཆུ་འབྲུག་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེ་གཏོར་རྟེན་འབུལ་བསྐྱངས་གནང་མཛད་འདུག
ད་རང་སྔ་དྲོ་ཕྱག་ཚོད་༧པའི་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེ་གཏོར་རྟེན་འབུལ་དངོས་གཞིའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕན་བདེ་ལེགས་བཤད་གླིང་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ། གཙུག་ལག་ཁང་དུ་གནས་གཟིགས་དང་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྙན་ཤལ་སྒྲོན་འབུལ་མཛད་རྗེས་གཙུག་ལག་ཁང་གི་ཡང་སྟེང་དུ་སྒྲོན་པའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་འཕྲལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org