བགྲེས་ཡོལ་སྐོར་༸གོང་ས་མཆོག་གི་བཀའ་ལན།

༧གོང་ས་མཆོག་གིས་བགྲེས་ཡོལ་སྐོར་ལོ་མང་པོའི་རིང་དགོངས་པ་གཏིང་ཟབ་པོ་བཞེས་གནང་ནས་ཐག་ཆོད་གནང་བ་ཞིག་ཡིན་ཞེས་བཀའ་ལན།

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་གསུམ་བཅུའི་དུས་དྲན་གྱི་གསུངས་འཕྲིན་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་ཆབ་སྲིད་ཀྱི་སྐུ་དབང་ནས་བགྲེས་ཡོལ་ཕེབས་རྒྱུའི་སྐོར་བཀའ་གནང་ཡོད་ཀྱང་སྤྱི་འཐུས་གྲོས་ཚོགས་ནས་བསྐྱར་དུ་དགོངས་བཞེས་གནང་སྐྱོང་ཡོང་བའི་ཞུ་འཆར་ཡོད་པ་ལྟར་ཕ་རན་སིའི་གསར་འགྱུར་ལས་ཁང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་པའི་བཀའ་ལན་དུ། གནད་དོན་འདིའི་ཐོག་ལོ་མང་པོའི་རིང་དགོངས་པ་གཏིང་ཟབ་པོ་བཞེས་གནང་ནས་ཐག་ཆོད་གནང་བ་ཞིག་ཡིན་པ་དང་། འདི་ནི་ཚང་མར་ཁེ་ཕན་ཡོད་པ་ཞིག་ཡིན་ཞེས་བཀའ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org